རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚན་ཆུང་བགོས་ནས་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་སྐོར་ལ་གྲོས་ཞིབ་བྱས།

20181024094351WpsC.jpg

ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚན་བགོས་གྲོས་ཚོགས་བསྡུས་ནས། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་དང་མི་དམངས་ཁྲིམས་ཁང་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། མི་དམངས་ཞིབ་དཔྱོད་ཁང་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་བཅའ་ཁྲིམས་འཆར་ཟིན། མེ་གསོད་རོགས་སྐྱོབ་ཐོབ་རྟགས་སྲོལ་ཡིག་འཆར་ཟིན་སོགས་སྐོར་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པས་ཚེས་ཉེར་གསུམ་ཉིན་ཚན་བགོས་གྲོས་ཚོགས་བསྡུས་ནས། ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་དང་མི་དམངས་ཁྲིམས་ཁང་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། མི་དམངས་ཞིབ་དཔྱོད་ཁང་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་བཅའ་ཁྲིམས་འཆར་ཟིན། མེ་གསོད་རོགས་སྐྱོབ་ཐོབ་རྟགས་སྲོལ་ཡིག་འཆར་ཟིན་སོགས་སྐོར་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་འཆར་ཟིན་སྐོར་ལ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས། ཆོད་དོན་འཆར་ཟིན་གྱིས་ལྟ་ཞིབ་བཅའ་ཁྲིམས་བར་གྱི་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁོངས་ཕྱི་རུ་བྲོས་བྱོལ་བྱས་པའི་ཉེས་ཅན་འཛིན་བཟུང་བྱ་བ་དང་བྱེད་ཐབས་ལ་ཤུགས་བསྣན་ལ། སྐྱོན་ཆ་དང་ཆད་པ་ངོས་ལེན་བྱེད་མཁན་ལ་གུ་ཡངས་གཏོང་བའི་ལམ་ལུགས་དང་མྱུར་དུ་ཤན་འབྱེད་བྱེད་པའི་རྒྱུད་རིམ་ཚོད་ལྟའི་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱས་ལ། ཡང་བསྐྱར་བཀོལ་ཆོག་པ་དང་ཁྱབ་གདལ་དུ་བཏང་ཆོག་པའི་ཕན་ཡོད་བྱེད་ཐབས་དེ་ཁྲིམས་ལུགས་ཚད་གཞི་རུ་མཐོར་འདེགས་བཏང་བ། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་རྐང་འཛུགས་པ་རྒྱུན་འཁྱོངས་བྱས་པ་དང་ཕྱི་རྒྱལ་གྱི་འབྲེལ་ཡོད་ལམ་ལུགས་ཐད་ཀྱི་ཕན་ཡོད་ཉམས་མྱོང་ལ་དཔེ་བལྟ་བྱས་ཡོད་ལ། ཁྲིམས་སྐྱོང་བསམ་བློ་རྒྱུན་འཁྱོངས་དང་གཏུག་བཤེར་ཆོས་ཉིད་བརྩི་སྲུང་བྱས་ཡོད་པ་དང་། ཁྲིམས་འཛིན་ལག་ལེན་དང་དགོས་མཁོ་དང་མཐུན་ལ། ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ཆེན་པོ་ལྡན་པ་མ་ཟད། རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་བཅོས་བསྒྱུར་བདེ་བླག་ངང་སྤེལ་བར་ཕན་པ་ཡོད་ལ། ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་སྤེལ་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཐད་ཕན་འདོགས་ཐུབ་ཟེར།

མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས། བཟོ་བཅོས་འཆར་ཟིན་གཉིས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ཁྲིམས་འཛིན་སྒྲིག་གཞི་བཅོས་བསྒྱུར་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་མང་པོ་མཚོན་ཡོད་ལ། དངོས་ཡོད་གནད་དོན་ཐག་གཅོད་པར་དོ་སྣང་བྱས་པ་དང་། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་ལས་ཁུངས་གཉིས་ཀྱི་གྲུབ་ཚུལ་དང་འགན་འཁྲི་དབང་ཆར་ལེགས་སྒྲིག་དང་ འཐུས་ཚང་དུ་བཏང་ཡོད་ལ། དེ་ཁྲིམས་འཛིན་ཆོས་ཉིད་དང་མཐུན་པ་དང་དུས་རབས་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད་པ་མ་ཟད། དྲང་གཞག་ཕན་མཐོ་དང་དབང་ཟིལ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁྲིམས་འཛིན་ལམ་ལུགས་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་ཡོད་ཀྱི་ཁྲིམས་ལུགས་འགན་སྲུང་འདོན་སྤྲོད་བྱས་ཡོད་ཟེར།

རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་རོགས་འདེགས་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས། འཆར་ཟིན་དེ་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་ལག་ལེན་གྱི་དགོས་མཁོ་དང་མཐུན་ལ། ཉེས་ཅན་ལ་ཆད་གཅོད་རྡུང་རྡེག་བྱེད་པར་ཕན་པ་ཡོད་པ་དང་། མི་སྒེར་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ཚུལ་བསྟན།

མེ་གསོད་རོགས་སྐྱོབ་ཐོབ་རྟགས་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱེད་སྐབས། ཚོགས་ཞུགས་མི་སྣས། འཆར་ཟིན་གྱི་ཐེངས་གཉིས་པའི་གྲོས་ཞིབ་འཆར་ཟིན་གྱིས་མེ་གསོད་རོགས་སྐྱོབ་ཐོབ་རྟགས་སྟེར་བའི་ཁྱབ་ཁོངས་ གཏན་ཁེལ་གསལ་བོ་བྱས་པ་དང་། མེ་གསོད་རོགས་སྐྱོབ་ཐོབ་རྟགས་ཀྱི་སྐུལ་སློང་རྩོལ་ནུས་འབུར་དུ་ཐོན་པར་བྱས་ཡོད་ལ། མེ་གསོད་རོགས་སྐྱོབ་ཐོབ་རྟགས་ཀྱི་རིམ་སྤོར་ཆ་རྐྱེན་ཐད་རེ་བ་གསལ་བོ་བཏོན་ཡོད་པས། ཅུང་ཆ་ཚང་ཡིན་ཟེར།

ཚོགས་ཞུགས་མི་སྣ་ཚོ་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་དག་ཐེངས་འདིའི་རྒྱུན་ལས་གྲོས་ཚོགས་སྟེང་བརྡས་ཐག་གཅོད་པར་སྤྲོད་རྒྱུར་འཐད་པ་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།