ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181023095707kivA.jpg

ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་མཛིན་མཛད།

ཚོགས་ཐོག་ཏུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་ཉེས་དོན་ཞུ་གཏུག་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་མི་དམངས་ཁྲིམས་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན།

ཚོགས་ཐོག་ནས་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་གྱིས་ཕུལ་བའི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་འཛིན་རོགས་སྐྱོར་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཅི་ཞིན་གྱིས་ཕུལ་བའི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་སྡེ་དང་མེ་གསོད་རོགས་སྐྱོབ་ཐོབ་རྟགས་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན།

རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་གོང་གསལ་གྱི་བཅའ་ཁྲིམས་འཆར་ཟིན་དག་ཅུང་འཐུས་ཚང་ཡིན་པས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་འགོད་རྒྱུའི་རེ་བ་བཏོན།

ཚོགས་ཐོག་ནས་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧུའུ་ཁི་མིན་གྱིས་ཕུལ་བའི་ཞིང་སྡེའི་ས་ཞིང་འགན་ལེན་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་དག་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཚུང་པེན་གྱིས་ཕུལ་བའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་ཡར་སྐུལ་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན།

ཏང་ཀྲུང་དབྱང་གི་གཞུང་ཞབས་པའི་ལས་འགན་དང་འགན་རིམ་མཉམ་སྤྱོད་ལམ་ལུགས་ཀྱི་བཅོས་བསྒྱུར་སྤེལ་བའི་སྐོར་གྱི་རེ་བ་ལག་བསྟར་བྱེད་ཆེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱིས་གཞུང་ཞབས་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་གྲོས་གཞི་བཏོན། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངག་བཅོལ་ལྟར། བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་གསལ་བཤད་བྱས།

ཀུང་ཟིའི་མ་རྐང་ཕྱིར་ཉོ་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཀུང་ཟིའི་མ་རྐང་ཕྱིར་ཉོ་ལམ་ལུགས་ཀྱི་ནུས་པ་བཟང་བོ་འདོན་སྤེལ་གང་ལེགས་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀུང་ཟིའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་གྲོས་གཞི་བཏོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཀྲུང་གོའི་དངུལ་རྩ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལིའུ་ཧྲི་ཡུས་ཀྱིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་ཏཱ་ཁྲིན་གྱིས་རེ་སྐྱེས་རི་དྭགས་སྲུང་སྐྱོབ་བཅའ་ཁྲིམས་སོགས་བཅའ་ཁྲིམས་བཅོ་ལྔའི་བཟོ་བཅོས་ཇུས་གཞིའི་འཆར་ཟིན་སྐོར་གྱི་གསལ་བཤད་སྤེལ།

རྒྱལ་སྲིད་ཁང་གི་མངག་བཅོལ་ལྟར། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཅའོ་ཧུང་གིས་སྨན་རྫས་དོ་དམ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་གསལ་བཤད་སྤེལ།

ཚོགས་ཐོག་ནས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གནས་སྐོར་ཞིག་ནས་སྨན་རྫས་ཚོང་རར་སྐྱོད་ཆོག་པའི་འཛིན་ཡིག་འཛིན་མཁན་གྱི་མི་སྣའི་ལམ་ལུགས་ཚོད་ལྟ་སྤེལ་བའི་དབང་ཆ་གནང་བ་དང་འབྲེལ་ཡོད་གནད་དོན་གྱི་ཐག་གཅོད་ལག་བསྟར་སྐོར་གྱི་སྙན་ཞུ་ལ་་ཞིབ་བྱས་པར་མ་ཟད། ཅའོ་ཧུང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་ལྟར་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་གནས་སྐོར་ཞིག་ནས་སྨན་རྫས་ཚོང་རར་འཇུག་ཆོག་པའི་འཛིན་ཡིག་འཛིན་མཁན་གྱི་མི་སྣའི་ལམ་ལུགས་ཚོད་ལྟ་སྤེལ་བའི་དུས་བཅད་ཇེ་རིང་དུ་གཏོང་བའི་དབང་ཆ་གནང་བའི་ཆོད་དོན་འཆར་ཟིན་སྐོར་གྱི་གསལ་བཤད་ལ་ཉན།

ཤེས་བྱའི་བདག་དབང་གྱོད་དོན་གྱི་ཤན་འབྱེད་ཚད་གཞི་གཅིག་གྱུར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ལེགས་བསྒྱུར་བྱེད་ཆེད། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཆེད་དབང་སོགས་གྱོད་དོན་ཞུ་གཏུག་རྒྱུད་རིམ་འགའི་གནད་དོན་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱེད་པའི་སྐོར་གྱི་གྲོས་གཞི་བཏོན་པ་དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིའུ་ཆང་གིས་གསལ་བཤད་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཁུང་ཞོན་ཡོའུ་ཡིས་ཕྱི་འབྲེལ་སྲོལ་ཡིག་སྐོར་གྱི་གྲོས་གཞི་ཐད་ནས་གསར་བཤད་བྱས།

ཚོགས་ཐོག་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་ཕུལ་བའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་ཚོགས་པས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱེད་པར་སྤྲད་པའི་འཐུས་མིའི་གྲོས་གཞི་ལ་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་། འཐུས་མི་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་གཉིས་ལ་ཉན་པ་དང་། འབྲེལ་ཡོད་བསྐོ་འཐེན་ཇུས་གཞི་ལ་གྲོས་ཞིབ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།