ཀྲུང་གོ་བོད་ཀྱི་དྲ་བ།

ཐའེ་དབན་དུ་མེ་འཁོར་འཁོར་ལམ་ནས་དོན་པའི་ལས་འཛོལ་ཐོན་ཏེ་མི17ཤི་བ་དང་མི101ལ་རྨས་སྐྱོན་ཕོག་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F201810221330073066703505.jpg

F201810221330191556703506.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐའེ་དབན་ལྕགས་ལམ་གྱི་བརྡ་ཁྱབ་གསར་ཤོས་ལ་གཞིགས་ན། ཟླ10ཚེས21ཉིན་གྱི་ཆུ་ཚོད18དང་སྐར་མ50ཡི་བར་ཕུ་ཡུའུ་མའི་མེ་འཁོར་ཐེངས་གྲངས6432འཁོར་ལམ་ནས་དོན་ཏེ་མགོ་རྟིང་ལོག་པའི་ལས་འཛོལ་ནང་མི17ཤི་བ་དང་མི101ལ་རྨས་སྐྱོན་ཕོག་ཡོད། ཐའེ་དབན་ལྕགས་ལམ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་འཛོལ་བྱུང་པའི་ཕུ་ཡུའུ་མའི་མེ་འཁོར་ཐེངས་གྲངས6432ཟླ10ཚེས21ཉིན་གྱི་དགོང་དྲོའི་ཆུ་ཚོད3དང་སྐར་མ9ཡི་ཐོག་ཧྲུའུ་ལིན་ནས་ཐའེ་ཏུང་དུ་བསྐྱོད་པ་དང་། དགོང་དྲོའི་ཆུ་ཚོད4དང་སྐར་མ50ཡི་ཐོག་དབྱི་ལན་ཤིན་མ་ཁྲེ་བབས་ཚུགས་སུ་འཁོར་ལམ་ནས་དོན་པའི་ལས་འཛོལ་ཐོན་པ་དང་། དེའི་ནང་གི་འཁོར་སྒྲོམ་འགའ་མགོ་རྟིང་ལོག་ཡོད། ལས་འཛོལ་གྱི་འབྱུང་གཞི་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་པ་རེད། 

F201810221330372426703507.jpg

རྩོམ་སྒྲིག་པ། : ཀླུ་མོ་མཚོ།