ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་གི་མཚོ་བོད་དམག་ཚིགས་པུའུ་བཙུགས་པའི་ཚོགས་ཆེན་ཟི་ལིང་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་སུམ་ཅུ་ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་གི་མཚོ་བོད་དམག་ཚིགས་པུའུ་བཙུགས་པའི་ཚོགས་ཆེན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། བོད་ལྗོངས་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཀྲང་ཞོ་ཅེ་ཡིས་གསར་དུ་བཙུགས་པའི་ལས་ཁུངས་ལ་དམག་དར་གནང་བར་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ་སྐམ་དམག་མཚོ་བོད་དམག་ཚིགས་པུའུ་ལེགས་སྒྲིག་བྱས་པའི་བཀའ་ཁྱབ་སྒྲོག་འདོན་བྱས་ཤིང་། ཀྲང་ཞོ་ཅེ་ཡིས་གསར་དུ་བཙུགས་པའི་ལས་ཁུངས་ལ་དམག་དར་གནང་བ་དང་དཔོན་དམག་ཡོངས་ཀྱིས་དམག་དར་ལ་གུས་འདུད་ཞུས།

དམག་དར་གནང་བའི་མཛད་སྒོའི་རྗེས་སུ་ལིག་ཉིང་གིས་བཤད་རྒྱུར། རྒྱ་ཆེའི་དཔོན་དམག་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཞི་ཅིན་ཕིང་གི་སྟོབས་ལྡན་དམག་དཔུང་གི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་དམག་འཁྲུག་རང་བཞིན་གྱི་སྐམ་དམག་མཁོ་སྒྲུབ་བཟང་བོར་བསྒྲུབ་པ་དམིགས་འབེན་དུ་བཟུང་ནས། སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་སྤྱོད་ཚུལ་བཟང་བོ་རྒྱུན་འཁྱོངས་བྱེད་དགོས་ལ། འགན་སྲུང་ནུས་པ་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་དམག་སྲིད་དམག་དམངས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། མཚོ་བོད་མཐོ་སྒང་གི་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་པ་དང་མདོ་དབུས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཀྲང་ཞོ་ཅེ་ཡིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་དེ་དུས་རབས་གསར་བར་ཞུགས། རིམ་པ་སོ་སོ་ངེས་པར་དུ་དུས་རབས་ཀྱི་རྗེས་སྙེག་སྟེ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་བ་དང་། འགྱུར་བ་མེད་པའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འགན་འཁྲི་ལྕི་མོ་ཁག་ཁུར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་བཏོན་ཏེ་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ་དང་མཐའ་སྲུང་བོད་འཇགས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།