ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་གཅིག་པ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123505323_15382240962341n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་གཅིག་པ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་ཐོག་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཏེ། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་མཚོ་ཐོག་རྒུད་སྐྱོབ་འགན་སྲུང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། ནུས་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་བྱ་བའི་རྐྱེན་སྲོལ་ཆ་ཚང་དུ་གཏོང་བར་མ་ཟད། སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། དུས་རབས་གསར་བའི་མཚོ་ཐོག་འཚོལ་སྐྱོབ་ནུས་པ་སྔར་ལས་ཇེ་ཆེར་འགྲོ་བར་སྐུལ་འདེད་བཏང་ནས། མཚོ་ཐོག་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་འདོན་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་ཨུ་ཡོན་བཅུ་གསུམ་དང་འཐབ་ཕྱོགས་དང་པོའི་རོགས་སྐྱོབ་པ་གཉིས་ཀྱིས་འཚོལ་སྐྱོབ་ནུས་པའི་འཛུགས་སྐྲུན་དང་མཉམ་ལས་རྐྱེན་སྲོལ། ཤེས་ལྡན་མི་སྣའི་དཔུང་སྡེ། ཁྲིམས་འཛུགས་བཟོ་བཅོས། རྒྱལ་སྤྱིའི་མཉམ་ལས་སོགས་ལ་དམིགས་ནས་བསམ་འཆར་དང་གྲོས་གཞི་བཏོན། ཚང་མས་བལྟས་ན། བཅོས་སྒྱུར་སྒོ་འབྱེད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་མཚོ་ཐོག་རོགས་སྐྱོབ་ལས་དོན་སྔར་ལས་གོང་འཕེལ་དུ་སོང་ནའང་མཚོ་ཐོག་རྒུད་སྐྱོབ་ནུས་པ་ད་དུང་ཞན་པ་དང་། འཕྲལ་སྒྲུབ་མ་ལག་འཕེལ་རྒྱས་དེ་འདྲ་དོ་མཉམ་མིན་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་ཆ་ཚང་མིན་པ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་བརྟན་འཇགས་མིན་པ་སོགས་ཀྱི་གནད་དོན་མྱུར་དུ་ཐག་གཅོད་དགོས་པར་སྙམ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཁྲོན་ཐང་གིས་ཚོགས་ཐོག་ཏུ་གཏམ་བཤད་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འགན་འཁུར་བས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།