ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123499690_15381485192231n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས28ཉིན། རྒྱལ་ཡོངས་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་རང་མིའི་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་གཞུང་སྒྲུབ་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་གསུངས་རྒྱུར། ཞང་ཀང་དང་ཨོ་མིན་གྱི་འཕེལ་རྒྱས་དེ་མེས་རྒྱལ་གྱི་ནང་ལོག་འཕེལ་རྒྱས་དང་དམ་དུ་འབྲེལ་ཡོད། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་དོན་དག་སྒྲུབ་དགོས་པ་དང་། བློ་ཐག་རྦད་ཆོད་སྒོས་ཞང་ཀང་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་སྲིད་འཛིན་དཔོན་པོས་ཁྲིམས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་བྱེད་པ་དང་ཞང་ཀང་དང་ཨོ་མིན་གཉིས་ཀ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་མཉམ་བསྲེས་བྱེད་པར་རྒྱབ་སྐྱོར་བྱས་ནས། ཞང་ཀང་དང་ཨོ་མིན་གྱིས་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་ཁྲོད་དུ་མུ་མཐུད་ནས་དམིགས་བསལ་གྱི་ནུས་པ་འདོན་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། རྒྱ་ཆེའི་ཕྱི་སྡོད་རང་མི་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རིན་ཐང་བྲལ་བའི་ཐོན་ཁུངས་ཡིན། ང་ཚོས་ཏང་གི་ཕྱི་སྡོད་རང་མིའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཕྱི་སྡོད་རང་མིར་ཞབས་ཕྱི་སྒྲུབ་པའི་བྱ་བ་སྣ་ཚོགས་གང་ལེགས་བསྒྲུབ་དགོས་པ་དང་། ཕྱི་སྡོད་རང་མི་དང་སེམས་ཤུགས་གཅིག་སྒྲིལ་དང་བློ་གྲོས་གཅིག་སྡུད་བྱེད་པ་དང་ཕྱི་སྡོད་རང་མིའི་ནུས་པ་འདོན་སྤེལ་བྱེད་པ། ཕྱི་སྡོད་རང་མིའི་ཁེ་ཕན་སྲུང་སྐྱོབ་བྱས་ནས། རྒྱ་ཆེའི་ཕྱི་སྡོད་རང་མི་ལ་དུས་རབས་གསར་པའི་ནང་ནུས་པ་ཆེན་པོ་འདོན་དུ་འཇུག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་སྣེ་ལེན་ཚོགས་འདུར་འགོ་འཛིན་བྱས། པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན། ཞང་ཀང་དང་ཨོ་མིན། ཐེ་ཝན། ཕྱི་སྡོད་རང་མིའི་ལས་རིགས་སོ་སོའི་འཐུས་མི་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་སྣེ་ལེན་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།