ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་རྒྱལ་ཡོངས་ཚན་རྩལ་ཁྱབ་བརྡལ་ཉིན་མོའི་པེ་ཅིན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180918095131mC02.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་ཧོང་ཁུང་མེན། ཚེ་ཆི། ཝན་ཀང་སོགས་ཀྲུང་གོ་ཚན་རྩལ་ཁང་དུ་ཡོང་ནས་རྒྱལ་ཡོངས་ཚན་རྩལ་ཁྱབ་བརྡལ་ཉིན་མོའི་པེ་ཅིན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་ཧོང་ཁུང་མེན། ཚེ་ཆི། ཝན་ཀང་སོགས་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཀྲུང་གོ་ཚན་རྩལ་ཁང་དུ་ཡོང་ནས་རྒྱལ་ཡོངས་ཚན་རྩལ་ཁྱབ་བརྡལ་ཉིན་མོའི་པེ་ཅིན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་སྐྲུན་དང་ཚན་རྩལ་ཁྱབ་བརྡལ་དུ་གཏོང་བའི་འབྲེལ་ཡོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་། ཚན་རྩལ་ཁྱབ་བརྡལ་བྱ་བ་རྒྱུན་མཐུད་ནས་བཟང་བོར་འཛིན་པ། དམངས་ཡོངས་ཀྱི་ཚན་རིག་སྤུས་ཚད་དང་ཚན་རྩལ་གསར་སྐྲུན་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་ལ་འགྱུར་མེད་ཀྱི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར། ད་ལོའི་རྒྱལ་ཡོངས་ཚན་རྩལ་ཉིན་མོའི་པེ་ཅིན་གྱི་ཚོགས་ར་གཙོ་བོའི་བྱ་འགུལ་གྱིས་རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་དང་ན་གཞོན་ལོ་ཆུང་རྣམས་རང་འགུལ་གྱིས་འགྲེམ་སྟོན་ལ་ཞུགས་པའི་སྤྲོ་སེམས་ཇེ་ཆེར་བཏང་། སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ་ཝང་ཧུའུ་ཉིང་གིས་ཐོག་མར་རྒྱལ་སྤྱིའི་ཚན་རྩལ་ཁྱབ་བརྡལ་ལྷན་འཛོམས་ཀྱི་འགྲེམ་ཁུལ་ལ་ལྟ་སྐོར་བྱས། ཀྲུང་གོའི་འོད་ཟེར་ཞེས་པའི་འགྲེམ་སྟོན་ཁང་དུ་ཝང་ཧུའུ་ཉིང་གིས་ཀྲུང་གོའི་གནའ་རབས་ཀྱི་ཆུ་བེད་འཕྲུལ་འཁོར་སོགས་ཀྱི་འགྲེམ་སྟོན་ལ་བལྟས། ཁོས་བསྟན་དོན། ཚན་རྩལ་ཁྱབ་བརྡལ་བྱ་བས་རྒྱལ་སྤྱིའི་བར་གྱི་བརྗེ་རེས་ལ་ཤུགས་སྣོན་པ་དང་ཁྱད་ལྡན་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏོང་བ། གསར་སྐྲུན་གྱི་སྙིང་སྟོབས་དར་སྤེལ་དུ་གཏོང་བ་དང་གསར་སྐྲུན་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ། ཚན་རྩལ་ཁྱབ་བརྡལ་གྱིས་དམངས་ལ་ཕན་བདེ་བསྐྲུན་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གྱི་གྲུབ་འབྲས་སྤྱི་ཡོངས་ལ་འགྲེམ་སྟོན་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།