ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བའི་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བའི་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་ཆོད་དོན་འགྲེམ་སྤེལ་བྱས་ཏེ། དམག་དཔུང་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་དཔུང་ཏང་ཨུའི་ཏང་གི་འཛུགས་སྐྲུན་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་དགོས་པའི་རེ་བ་བཏོན། 

ཆོད་དོན་ནང་བསྟན་དོན། ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ནི་རང་རེའི་དམག་དཔུང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་གནད་འགག་ཡིན་པ་དང་སྟོབས་ལྡན་དམག་དཔུང་ལས་དོན་གྱི་དར་རྒུད་དང་རྒྱལ་ཕམ་ལ་འབྲེལ་བ་ཡོད་པས། དམག་དཔུང་ཡོངས་ཀྱིས་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱེད་པ། དམག་འཐབ་གྲ་སྒྲིག་བྱ་བ་རྒྱུན་འཁྱོངས་བྱས་ཏེ། རང་རེའི་དམག་དཔུང་གིས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བྱ་བའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་ནས། ཏང་གིས་དུས་རབས་གསར་བའི་སྟོབས་ལྡན་དམག་དཔུང་གི་དམིགས་འབེན་མངོན་འགྱུར་བྱེད་པ་དང་དུས་རབས་གསར་བའི་རང་རེའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ཡོངས་འགྲུབ་བྱེད་པར་སྟོབས་དང་ལྡན་པའི་ཆབ་སྲིད་ལ་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།