ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཀོང་ཞིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས12དང་ཚེས13ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀོང་ཞིའི་ནན་ཉིན་དང་ཆིན་ཀྲིག པེ་ཧེ་བཅས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གནས་ཚུལ་ལ་རྟོག་ཞིབ་མཛད།

ཧན་ཀྲིན་ཐོག་མར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་མ་རྐང་ཚད་ཡོད་ཀུང་ཟི་ལ་ཕེབས་ཏེ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཞི་གྲངས་ཀོང་ཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོང་གིས་བསྟན་དོན། ཀོང་ཞི་ཡིས་ངེས་པར་དུ་རང་འགུལ་སྒོས་བྱེད་ཐབས་སྤྱད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་ལ་གནང་བའི་གཏན་གནས་ཆེན་པོ་གསུམ་གྱི་འགན་འཁྲི་གསར་བ་ཡོངས་འགྲུབ་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་དམངས་ཁྲོད་དངུལ་གཏོང་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཧ་ཅང་སེམས་ཁུར་བྱེད་བཞིན་ཡོད། ཁོ་རང་སྔ་གཞུག་ཏུ་ཞིན་ཏི་ལིས་འོད་གློག་དང་ཧོས་པོ་ཡོན་སྨན་རྫས། སན་ནོ་གློག་རྡུལ་སོགས་ཁེ་ལས་སུ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད། ཧན་ཀྲིན་ཁེ་ལས་རེ་རེའི་ནང་དུ་སོང་ཚེ་ཐོན་རྫས་གསར་སྤེལ་དང་ལས་བཟོ་བའི་ཡོང་སྒོ། ཚོང་རར་འཚོང་ཚད། ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་གནས་ཚུལ་ཞིབ་འདྲི་མཛད། ཧན་ཀྲིན་གྱིས་བསྟན་དོན། འབྲེལ་ཡོད་ལས་ཁུངས་དང་རིམ་པ་སོ་སོའི་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་སྒོས་དམངས་གཉེར་ཁེ་ལས་དང་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ཏེ། ཁྲལ་དངུལ་ཇེ་ཉུང་དུ་གཏོང་བ་དང་འགྲོ་གྲོན་ཇེ་དམའ་རུ་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་དངོས་འབེབས་བཟང་བོ་བྱེད་པ་དང་། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གི་ཁུར་བོ་ཇེ་ཡང་དུ་བཏང་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པའི་ཁོར་ཡུག་ཆེན་པོ་གསར་སྐྲུན་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།