ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཡང་གིས་ཁག་སོ་སོར་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཨར་ཅི་རི་ཡའི་ཙུང་ལི་དང་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་སྤྱི་ཚེས་༥ཉིན་ཏེའོ་ཡུལ་ཐེའི་རྒྱལ་མགྲོན་ཁང་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་དང་ཨར་ཅི་རི་ཡའི་ཙུང་ལི་ཨུ་ཡས་ཧེའི་ཡ་དང་ཐུག་འཕྲད་གནང་ཡོད་པ་རེད། 

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་དང་ཐུག་འཕྲད་གནང་སྐབས། ཝང་ཡང་གིས། ཀྲུའུ་ཞི་ཞི་ཅིང་ཕིང་གིས་སྐུ་ཞབས་ཁྱེད་ཉིད་དང་གྲུབ་འབྲས་ལྡན་པའི་ཐུག་འཕྲད་གནང་ནས་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཀྲུང་གོའི་ཕྱོགས་ནས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་མཉམ་དུ་དབུ་ཚོགས་ལེགས་གྲུབ་ལྡན་པའི་ངང་སྐོང་འཚོགས་བྱས་པའི་གོ་སྐབས་དང་བསྟུན་ནས་ཕྱོགས་གཉིས་འགོ་ཁྲིད་པའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སྤྱི་ལོ་༢༠༦༣ལོའི་གྲོས་རིམ་འབྲེལ་མཐུད་གཏིང་ཟབ་བྱས་ནས་འཛམ་གླིང་ཡོངས་ཀྱི་སྒོ་དབྱེའི་གནས་སྟངས་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ་དང་སྔར་བས་དམ་ཅིང་ཟབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུ་འདོད་ཡོད་ཅེས་གསུངས་འདུག

ཨར་ཅི་རི་ཡའི་ཙུང་ལི་ཨུ་ཡས་ཧེའི་ཡ་དང་ཐུག་འཕྲད་གནང་སྐབས་ཝང་ཡང་གིས། ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཙུང་ལི་ཁྱེད་ཉིད་དང་ཐུག་འཕྲད་གནང་ནས་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་གལ་ཆེའི་ཐུན་མོང་ངོས་འཛིན་བྱུང་ཡོད། ཀྲུང་གོའི་ཕྱོགས་ནས་ཨར་ཅི་རི་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་གལ་ཆེའི་ཐུན་མོང་ངོས་འཛིན་དང་གླེང་སྟེགས་ཀྱི་པེ་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཀྲུང་གོ་དང་ཨར་ཅི་རི་ཡའི་སྲོལ་རྒྱུན་མཛའ་བཤེས་ཟམ་མི་ཆད་པར་རྒྱུན་འཛིན་དང་བརྟན་དུ་གཏོང་བ། ཀྲུང་གོ་དང་ཨར་ཅི་རི་ཡའི་གཉིས་ཕན་མཉམ་རྒྱལ་མཉམ་ལས་ཀྱི་ཁྱད་ཆོས་གསར་པ་གཏོད་ཐོག་ཀྲུང་གོ་དང་ཨར་ཅི་རི་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་གི་ཐོག་འཛེགས་རྒྱུར་སྐུལ་འདེད་གཏོང་འདོད་བྱེད་ཀྱི་ཡོད་ཅེས་གསུངས་འདུག  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།