ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་གྲོལ་བ་དང་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པར་ཡོངས་འགྲུབ་བྱས་ཏེ། ཚེས་གཅིག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་ཆེན་ལ་ཞུགས་པར་མ་ཟད། ཚོགས་འདུའི་སྔོན་ལ་ཚོགས་ཆེན་ལ་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་། ཞང་ཀང་དང་ཨོ་མིན་གྱི་འཐུས་མི། ཀྲུང་གོའི་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཚན་ཁག་གསར་རྙིང་གི་ཁོངས་མི་རྣམས་ལ་མཇལ་འཕྲད་གནང་།

ཚོགས་ཆེན་ནས་གསར་དུ་བདམས་པའི་ཀྲུང་གོ་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་ཀྱི་མིང་ཐོ་བསྒྲགས་པར་མ་ཟད། ཀྲུང་གོ་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། ཀྲུང་ཧྭ་རྒྱལ་ཡོངས་ཕྱིར་ལོག་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སྐོར་གྱི་གྲོས་ཆོད། ཀྲུང་གོ་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་བློ་འདོན་པ་དང་ཕྱི་རྒྱལ་གྱི་ཨུ་ཡོན། མཚན་འཛིན་ཨུ་ཡོན་བཅས་གདན་འདྲེན་ཞུ་བའི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཆེན་ནས་རྒྱ་ཆེའི་ཕྱིར་ལོག་ཕྱིར་སྡོད་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི། ཕྱི་རྒྱལ་དུ་ཡོད་པའི་ནང་གི་སྤུན་ཟླ་བཅས་ལ། དུས་རབས་གསར་པའི་དྲག་འཐབ་པ་བྱས་ནས་མེས་རྒྱལ་ལ་གཟི་བརྗིད་བརྩོན་ལེན་བྱེད་དགོས་པ་དང་། དུས་རབས་གསར་པའི་མདུན་སྐྱོད་པ་བྱས་ནས་མེས་རྒྱལ་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཤིང་། དུས་རབས་གསར་པའི་རྒྱུན་སྐྱོང་པ་བྱས་ནས་མེས་རྒྱལ་གྱི་གྲོགས་ཚོམ་རྒྱ་བསྐྱེད་དགོས་པའི་འབོད་སྐུལ་བཏང་ཡོད།

ཡུན་ཆོན་དང་པད་མ་འཕྲིན་ལས། ཞ་པའོ་ལུང་སོགས་ཚོགས་ཆེན་ལ་ཞུགས།

ཀྲུང་གོ་ཕྱིར་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝན་ལིས་ཅུན་གྱིས་ཚོགས་འདུ་གྲོལ་བའི་ཞུ་ཚིག་ཕུལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།