ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་ནི་ཀྲེར་གྱི་ཙུང་ཐུང་དབྱི་སོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

201809011024509KHJ.jpg

ཟླ་བརྒྱད་པའི་ཚེས་སོ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ནི་ཀྲེར་གྱི་ཙུང་ཐུང་དབྱི་སོ་ཧྥུའུ་ལ་མཇལ་འཕྲད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཚེས་སོ་གཅིག་ཉིན་ཏུའེ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ནི་ཀྲེར་གྱི་ཙུང་ཐུང་དབྱི་སོ་ཧྥུའུ་ལ་མཇལ་འཕྲད་གནང་། ཝང་ཧུའུ་ཉིང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་སེམས་ཁུར་དང་སྐུལ་འདེད་བཏང་འོག ཀྲུང་གོ་དང་ནི་ཀྲེར་གཉིས་ཀྱིས་ཆབ་སྲིད་ཀྱི་ཐད་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་ཁྱེད་དང་མཇལ་འཕྲད་གནང་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་མང་པོ་བྱུང་ཡོད། ཕྱོགས་གཉིས་ཀྱིས་ཐུན་མོང་གི་ལྟ་ཚུལ་འདི་དག་མཉམ་དུ་དངོས་འབེབ་བཟང་བོ་བྱེད་པ་དང་མི་སྣའི་འགྲོ་འོང་ལ་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ། ཕྱོགས་གཉིས་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྱི་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།  

དབྱི་སོ་ཧྥུའུ་ཡིས་བསྟན་དོན།   ནི་ཀྲེར་ཕྱོགས་ཀྱིས་ཀྲུང་གོའི་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པར་མ་ཟད།   རྒྱལ་ཁབ་གཉིས་བར་གྱི་མཛའ་བརྩེ་ལ་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོས་དུས་ཡུན་རིང་བོར་ནི་ཀྲེར་གྱི་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།