ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཞང་ཀང་སྒྲིག་ཁྲིམས་དམག་དཔུང་རིག་གནས་བརྗེ་རེས་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123337195_15353746023431n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་བདེ་སྲུང་ཅུའུ་ཡི་ཅུའུ་ཀྲང་ལིས་ཅ་ཁྲའོ་ཡིས་ཁྲིད་པའི་ཞང་ཀང་སྒྲིག་ཁྲིམས་དམག་དཔུང་རིག་གནས་བརྗེ་རེས་ཚོགས་པའི་ཁོངས་མི་ཡོངས་ལ་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཧན་ཀྲིན་གྱིས་བརྗེ་རེས་ཚོགས་པའི་ཁོངས་མིས་ཞང་ཀང་སྒྲིག་ཁྲིམས་དམག་དཔུང་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པར་མ་ཟད། ཁོ་ཚོའི་བྱ་བར་ཁས་ལེན་གང་ལེགས་མཛད། ཧན་ཀྲིན་གྱིས་སྒྲིག་ཁྲིམས་དམག་དཔུང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལ་ཁྱོན་ཡོངས་དང་ཡང་དག་པའི་རྒྱུས་ལོན་བྱེད་པ་དང་དེ་ལག་བསྟར་ནན་མོ་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཞང་ཀང་གི་ཁྲིམས་སྐྱོང་ལ་སྲུང་སྐྱོབ་བྱས་ནས། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ལ་སྤུས་ལེགས་ཞབས་ཕྱི་འདོན་སྤྲོད་བྱེད་པ་དང་ཧུར་ཐག་སྒོས་ཞང་ཀང་དང་ནང་ལོག་བར་གྱི་འབྲེལ་ཡོད་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

ལིས་ཅ་ཁྲའོ་སོགས་ཀྱིས་བཤད་རྒྱུར། ཞང་ཀང་སྒྲིག་ཁྲིམས་དམག་དཔུང་གིས་ཅིས་ཀྱང་མུ་མཐུད་དུ་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། ཞང་ཀང་ཡུན་རིང་བོར་དར་རྒྱས་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།