ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་འཇར་པན་དང་ཀྲུང་གོའི་མཐུན་ཚོགས་ཀྱི་འཐུབ་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱི་ཀྲུང་ནན་ཧེ་ནས། འཇར་པན་དང་ཀྲུང་གོའི་མཐུན་ཚོགས་ཀྱི་ཚོགས་གཙོ། རང་དམངས་ཏང་གི་གྲོས་ཞབས་པ་ཡེ་ཐེན་དབྱི་ཡིས་སྣེ་ཁྲིད་པའི། འཇར་པན་དང་ཀྲུང་གོའི་མཐུན་ཚོགས་ཀྱི་འཐུབ་ཚབ་ཚོགས་པར་མཇལ་འཕྲད་གནང་། 

ཝང་ཆི་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་འདྲིས་བྱེད་ཡུན་རིང་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་ཡུན་རིང་བོའི་བར་དུ་བདེ་ཐང་བརྟན་འཇགས་ཀྱི་རྣམ་པའི་ཁྲོད་གནས་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་འཚམ་པ་ཡིན། ད་ལོ་ནི་ཀྲུང་གོ་དང་འཇར་པན་གཉིས་ཀྱི་ཞི་བདེ་མཛའ་འབྲེལ་ཆིངས་ཡིག་བཞག་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་ཡིན་ལ། ཕྱོགས་གཉིས་ཀས་ཆབ་སྲིད་ཀྱི་ཡིག་ཆ་གལ་ཆེན་བཞི་རྨང་རྟེན་དུ་བཟུང་ནས། ལོ་རྒྱུས་ཀྱི་བདེན་པ་བརྩི་བ་དང་མ་འོངས་པར་ཁ་ཕྱོགས་ཏེ། གནད་དོན་དང་འགལ་བ་ཐག་གཅོད་ལེགས་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་འབད་འབུངས་བྱེད་དགོས་ཟེར།

འཇར་པན་ཕྱོགས་ཀྱིས་བསྟན་དོན། འཇར་པན་དང་ཀྲུང་གོའི་མཐུན་ཚོགས་ཀྱིས་འཇར་པན་དང་ཀྲུང་གོའི་ཞི་བདེ་མཛའ་འབྲེལ་ཆིངས་ཡིག་བཞག་ནས་ལོ་བཞི་བཅུ་ལོན་པ་དང་། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་གོ་སྐབས་དམ་འཛིན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་འཇར་པན་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།