ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་མོང་གོལ་རྒྱལ་ཁབ་དང་ལའོ་ཝོ་རྒྱལ་ཁབ། སིང་ག་ཕོར་རྒྱལ་ཁབ་བཅས་ཀྱི་འགོ་ཁྲིད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཁྲུན་ཆིན་ནས་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཨུན་ཧི་ཐུའུ་པུའུ་ཞིན་དང་ལའོ་ཝོ་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་སུང་ཏེ། སིང་ག་ཕོར་རྒྱལ་ཁབ་ཀྱི་རྒྱལ་སྲིད་ཙིས་ཀྲིན་ཝུའུ་ཙོ་ཏུང་བཅས་ལ་མཇལ་འཕྲད་གནང་།

ཨུན་ཧི་ཐུའུ་པུའུ་ཞིན་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་མོལ་གོལ་ནི་རི་ཆུ་སྦྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ནས་མཉམ་ལས་བྱས་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ང་ཚོས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པ་གོ་སྐབས་སུ་བཟུང་སྟེ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་ལ་ཤུགས་སྣོན་ཞིང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་འདོད་ཡོད་ཟེར།

སུང་ཏེ་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གྱིས་གསུངས་རྒྱུར། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་སྣེ་ཁྲིད་འོག ཀྲུང་གོ་དང་ལའོ་ཝོ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་། དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ས་གནས་ཀྱི་འཕེལ་རྒྱས་ཐད་ལ་ཁེ་ཕན་ངོ་མ་བསྐྲུན་ཟེར།

ཝུའུ་ཙོ་ཏུང་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲིན་གསུངས་རྒྱུར། ཀྲུང་གོ་དང་སིང་ག་ཕོར་ནི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་སྐབས་རིམ་བྱུང་གི་འགོ་ཁྲིད་པས་དངོས་སུ་ཐུགས་ཁུར་དང་འགོ་ཁྲིད་བྱས་འོག གསར་སྐྲུན་རང་བཞིན་གྱི་སྒོ་ནས་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་བགྲོད་ལམ་ཞིག་ཏུ་བསྐྱོད། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ་སྐོར་ཐེངས་དང་པོའི་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་གྲོས་ཚོགས་བཟང་བོར་བསྒྲུབ་པ་དང་། སྒྲིག་སྲོལ་རྨང་གཞི་ཡིན་པའི་སྣ་མང་ཉོ་ཚོང་སྒྲིག་སྲོལ་མཉམ་དུ་སྲུང་སྐྱོབ་བྱས་ནས། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་སྒོ་འབྱེད་དང་བཟོད་སྒོམ། ཀུན་ཕན། དོ་མཉམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།