ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་ཞིང་ཆེན24རུ་ཕྲུ་གུ་དམར་འབྱར་ལ་ལྷན་སྐྱེས་སྙིང་ནད་ཕོག་མིན་གྲལ་བཤེར་བྱེད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ལྷན་སྐྱེས་སྙིང་ནད་ནི་རང་རྒྱལ་དུ་ཕྲུ་གུ་དམར་འབྱར་ལ་ཕོག་མང་བའི་ནད་གཞི་ཞིག་རེད་ལ། ཕྲུ་གུ་དམར་འབྱར་འཆི་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཀྱང་རེད། ལྷན་སྐྱེས་སྙིང་ནད་ཕོག་པའི་ཕྲུ་གུ་དམར་འབྱར་གྱི་ནད་གཞི་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྨན་བཅོས། འཕྲལ་དུ་སྨན་བཅོས་བཅས་བྱ་ཆེད། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པ་སིས་ཧྲང་ཧའེ་གྲོང་ཁྱེར་དང་ཧོ་པེ་ཞིང་ཆེན་སོགས་ཞིང་ཆེན24རུ་ཕྲུ་གུ་དམར་འབྱར་ལ་ལྷན་སྐྱེས་སྙིང་ནད་ཕོག་ཡོད་མེད་ཀྱི་གྲལ་བཤེར་ལས་དོན་སྤེལ་འགོ་ཚུགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྲུ་གུ་དམར་འབྱར་ལ་ལྷན་སྐྱེས་སྙིང་ནད་ཡོད་མེད་གྲལ་བཤེར་བྱེད་པའི་ཐད་སྙིང་ལ་ཉན་བརྟག་སོགས་བྱས་ནས་སྐྱེས་རྗེས་ཀྱི་ཆུ་ཚོད་6ནས་ཆུ་ཚོད་72ཀྱི་ཕྲུ་གུ་དམར་འབྱར་ལ་གྲལ་བཤེར་བྱ་རྒྱུ་དང་དུས་ཚོད་ཐུང་བར་བརྟེན་ཕྲུ་གུ་དམར་འབྱར་ལ་གནོད་པ་གང་ཡང་མེད་པ་རེད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པ་སིའི་སི་ཀྲང་ཆིན་ཀེན་གྱིས2017ལོར་རང་རྒྱལ་དུ་ཕྲུ་གུ་དམར་འབྱར་འཆི་ཚད་དང་ལོ་ལྔ་མན་གྱི་བྱིས་པ་འཆི་ཚད་ཁག་སོ་སོར6.8‰དང9.1‰ཟིན་པ་དེ2012ལོ་ལས་ཁག་སོ་སོར34.0%དང31.1%ཆག་ཡོད་མོད། འོན་ཀྱང་ལྷན་སྐྱེས་སྙིང་ནད་སོགས་ཀྱི་ནད་གཞི་ཐོན་པའི་གནས་ཚུལ་སྔར་བཞིན་མངོན་གསལ་དོད་པོ་ཡོད། ལྷན་སྐྱེས་སྙིང་ནད་ཕོག་ཡོད་མེད་སྔ་ཙམ་གྲལ་བཤེར་དང་དགོས་ངེས་ཀྱི་སྨན་བཅོས་བྱེད་ཐབས་སྤྱད་ཚེ་ཕྲུ་གུ་དམར་འབྱར་དང་བྱིས་པ་འཆི་ཚད་ཉུང་དུ་གཏོང་ཐུབ་པ་མ་ཟད། ནད་གཞིའི་གནས་ཚུལ་ཆུང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད།

ཕུའུ་ཏན་སློབ་ཆེན་ཞོར་གཏོགས་བྱིས་པའི་སྨན་ཁང་གི་ཡོན་ཀྲང་ཧོང་གོ་དབྱིང་གིས“ཁྱིམ་བདག་གིས་ལྷན་སྐྱེས་སྙིང་ནད་ཀྱི་གནོད་འཚེ་དང་ཕྲུ་གུ་དམར་འབྱར་ལ་ལྷན་སྐྱེས་སྙིང་ནད་ཕོག་ཡོད་མེད་གྲལ་བཤེར་བྱ་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ཤེས་དགོས་པ་མ་ཟད། གྲལ་བཤེར་ནི་སྨན་བཅོས་མིན་པའང་ཤེས་དགོས། གལ་ཏེ་ཕྲུ་གུར་ལྷན་སྐྱེས་སྙིང་ནད་ཕོག་ཡོད་པ་ཤེས་ན། འཕྲལ་དུ་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས། གལ་ཏེ་ལྷན་སྐྱེས་སྙིང་ནད་ཕོག་མེད་ན་བརྟག་དཔྱད་བྱེད་མི་དགོས”ཞེས་བཤད།

 ཧོང་གོ་དབྱིང་གིས“ལྷན་སྐྱེས་སྙིང་ནད་ལ་རྙོག་འཛིང་རང་བཞིན་ཆེ་བ་དང་གྲལ་བཤེར་ལག་རྩལ་ཐད་ལའང་ཚད་བཀག་ཡོད་པར་བརྟེན། མཚམས་རེ་ཕྲུ་གུ་དམར་འབྱར་ལ་ལར་ལྷན་སྐྱེས་སྙིང་ནད་ཀྱི་ནད་རྟགས་འདྲ་བའི་བརྟག་དཔྱད་དོན་གྱི་ཡོད། དེར་བརྟེན་རྒྱུན་གཏན་གྱི་ལུས་ཕྱིའི་བརྟག་དཔྱད་ཕུད་། ད་དུང་དབུགས་བསགས་པ་དང། རྔུལ་ཆུ་དོན་པ། གློ་ཚད་སོགས་ཀྱི་ནད་རྟགས་ཡོད་ན། འཕྲལ་དུ་བརྟག་དཔྱད་བྱེད་དགོས”ཞེས་བཤད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།