ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2538aa4ac38723a4902e0b4084e28ca7.jpg

རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་རྗེས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཐད་ཀྱི་ཞིབ་བཤེར་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་དང་ཁྲིམས་ལྟར་དང་། གསར་གཏོད་སྒོས་མི་དམངས་ཀྱི་ཆེད་དུ་ཁྱབ་བཤེར་བྱེད་པ། ཆེས་གསར་བའི་གནས་ཚུལ་རྩད་ཆོད་པར་བྱེད་པ། བསྡོམས་རྩིས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཏེ། ཆེ་ཕྱོགས་ཚོད་འཛིན་ལ་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ལ་འཆར་འགོད་བྱེད་པ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། རྒྱུ་སྤུས་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད། ཚན་རིག་དང་མཐུན་ལ་ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཁྱབ་བཤེར་གྱི་གཞི་གྲངས་རྒྱུ་སྤུས་མཐོར་འདེགས་སུ་གཏོང་རྒྱུ་དེ་གནད་འགག་ཏུ་བྱས་ནས། རྒྱུ་སྤུས་མཐོན་པོ་དང་ཆུ་ཚད་མཐོན་པོས་ཁྱབ་བཤེར་ལས་འགན་ཡོངས་འགྲུབ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་བཤེར་བྱེད་པ་དང་། ཁྱབ་བཤེར་གྱི་ཇུས་གཞི་འཐུས་ཚང་དུ་གཏོང་བ། གོ་རིམ་ཧྲིལ་བོར་རྒྱུ་སྤུས་ཚོད་འཛིན་བྱེད་པའི་མ་ལག་འཛུགས་པ། ལས་སྒོ་སོ་སོའི་ལས་རིམ་ལག་བསྟར་ནན་མོ་བྱས་ཏེ། ཁྱབ་བཤེར་བྱ་བའི་ཐད་ནས་ཚད་གཞི་དང་མཐུན་པ་དང་གོ་རིམ་ལྡན་པར་བྱེད་དགོས། ཁྲིམས་ལྟར་ཁྱབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་བཤེར་ཐད་ཀྱི་ཁྲིམས་འགལ་ལུགས་འགལ་གནད་དོན་གྱི་ཞིབ་བཤེར་ཆད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། བསྡོམས་རྩིས་ཁྱབ་ཁོངས་ཀྱི་ཡིད་རྟོན་མེད་པའི་ཁེ་ལས་ཡོངས་བསྒྲགས་བྱེད་པ་དང་མཉམ་འབྲེལ་སྒོས་ཆད་པ་གཅོད་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཁྱབ་བཤེར་གཞི་གྲངས་ཡང་དག་པ་དང་བློ་གཏད་ཆོག་པར་ཁག་ཐེག་བྱེད་དགོས། གསར་གཏོད་སྒོས་ཁྱབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་བཤེར་ལག་རྩལ་དང་བྱེད་ཐབས་ལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱབ་བཤེར་ཆ་འཕྲིན་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས་བྱེད་དགོས། དམངས་ཀྱི་ཆེད་དུ་ཁྱབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་བཤེར་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ། ཁྱབ་བཤེར་གཞི་གྲངས་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱབ་བཤེར་གཞི་གྲངས་ཀྱི་ཁྱབ་བསྒྲགས་དང་འགྲེལ་ཀློག གསར་སྤེལ་བཀོལ་སྤྱོད་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཧན་ཀྲིན་གྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། རིམ་པ་སོ་སོའི་ཁྱབ་བཤེར་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་གཅིག་གྱུར་སྒོས་འགོ་ཁྲིད་བྱེད་པ་དང་། སྡེ་ཁག་གིས་ལས་བགོས་མཉམ་ལས་བྱེད་པ། ས་གནས་ཀྱིས་རིམ་པ་བགོས་ནས་འགན་ཁུར་བ། ཕྱོགས་སོ་སོ་མཉམ་དུ་དེའི་ཁྲོད་ཞུགས་པའི་རྩ་དོན་ལྟར། ཁྱབ་བཤེར་གྱི་རྩ་འཛུགས་དང་ལག་བསྟར་བྱ་བ་བཟང་བོར་བསྒྲུབ་དགོས། ཐེངས་འདིའི་ཁྱབ་བཤེར་དེ་གོ་སྐབས་སུ་བརྩིས་ནས། བསྡོམས་རྩིས་ཀྱི་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། བསྡོམས་རྩིས་གཞི་གྲངས་ཀྱི་རྒྱུ་་སྤུས་དང་བསྡོམས་རྩིས་དབྱེ་ཞིབ་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།

བརྙན་འཕྲིན་ཁ་པར་གྲོས་ཚོགས་སྔོན་དུ། ཧན་ཀྲིན་གྱིས་ད་དུང་འགོ་འཛིན་བྱས་ནས་རྒྱལ་ཡོངས་དཔལ་འབྱོར་ཁྱབ་བཤེར་ཐེངས་བཞི་བའི་འགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།