ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རྒྱལ་ཁྲལ་དང་ས་གནས་ཀྱི་དཔྱ་ཁྲལ་བསྡུ་ལེན་དང་དོ་དམ་བྱེད་པའི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་རྒྱལ་ཁྲལ་དང་ས་གནས་ཀྱི་དཔྱ་ཁྲལ་བསྡུ་ལེན་དང་དོ་དམ་བྱེད་པའི་སྒྲིག་གཞི་བཅོས་བསྒྱུར་ཇུས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་མ་ཟད་བརྡ་སྦྱོར་སྤེལ་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བཅོས་བསྒྱུར་ཇུས་གཞིའི་ནང་རྒྱལ་ཁྲལ་དང་ས་གནས་ཀྱི་དཔྱ་ཁྲལ་བསྡུ་ལེན་དང་དོ་དམ་བྱེད་པའི་སྒྲིག་གཞི་བཅོས་བསྒྱུར་གྱི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན། དམིགས་འབེན་གཙོ་བོ་གཏན་ཁེལ་གསལ་བོ་བྱས་ཡོད་པ་དང། རྒྱལ་ཁྲལ་དང་ས་གནས་དཔྱ་ཁྲལ་བསྡུ་ལེན་དང་དོ་དམ་སྒྲིག་གཞི་ལ་བཅོས་བསྒྱུར་བྱས་པ་བརྒྱུད་དེ། རིམ་བཞིན་སྤུས་ལེགས་ཕན་མཐོ་དང་གཅིག་གྱུར་གྱི་ཁྲལ་བསྡུ་དོ་དམ་མ་ལག་གྲུབ་པར་བྱས་པ་དང་། ཁྲལ་འཇལ་མཁན་དང་ཁྲལ་སྤྲོད་མཁན་ལ་སྔར་ལས་སྤུས་ལེགས་དང་ཕན་འབྲས་མཐོ་བ། སྟབས་བདེ་བའི་ཞབས་ཞུ་འདོན་སྤྲོད་བྱས་ལ། དཔྱ་ཁྲལ་བཅའ་ཁྲིམས་བརྩི་འཇོག་ཚད་དང་སྤྱི་ཚོགས་ཡིད་ཚིམ་ཚད་མཐོར་འདེགས་བྱས་པ་དང་། ཁྲལ་བསྡུ་ལེན་དང་དོ་དམ་བྱེད་པའི་རྩོལ་ནུས་མཐོར་འདེགས་དང་ཁྲལ་དངུལ་བཅོས་སྐྱོང་ནུས་པ་ཇེ་དྲག་ཏུ་བཏང་ལ། ཁྲལ་འཇལ་མ་རྩ་ཇེ་ཉུང་དུ་བཏང་སྟེ། ཁྲལ་བསྡུ་འགན་ནུས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་བཅོས་སྐྱོང་གི་རྨང་གཞི་གལ་ཆེན་ཇེ་བརྟན་དུ་གཏོང་བར་ཁག་ཐེག་བྱས།

བཅོས་བསྒྱུར་ཇུས་གཞིའི་ནང་ནན་གྱིས་བསྟན་དོན། སྔོན་དུ་གསར་འཛུགས་དང་རྗེས་སུ་རྙིང་དོར་བྱེད་པ་དང་གསར་བ་མ་བཙུགས་ན་རྙིང་འདོར་བྱེད་ཐུབ་པའི་རེ་བ་ལྟར། གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་རིམ་བགོས་དོ་དམ་བྱེད་པ། སྤྱི་ཁོག་ནས་འཆར་འགོད་བྱེད་པ། གོ་རིམ་བགོས་ནས་ལག་བསྟར་བྱེད་པ། བྱ་བ་གཙོ་བོ་སྣ་ཚོགས་དུས་ཚོད་དང་དུས་རིམ་ལྟར་དམ་འཛིན་དང་ལག་བསྟར་བྱས་ནས། 2018ལོའི་ལོ་མཇུག་སྔོན་དུ་བཅོས་བསྒྱུར་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།