ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་དངུལ་ཁང་གི་འགོ་བར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

04d8a9a27e285867b50b0e73fd47327d_1123134602_15317506321841n.

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་ནས་འཛམ་གླིང་དངུལ་ཁང་གི་འགོ་བ་ཅིན་ཡུང་ལ་མཇལ་འཕྲད་གནང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་ནས་འཛམ་གླིང་དངུལ་ཁང་གི་འགོ་བ་ཅིན་ཡུང་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་ནས་འཛམ་གླིང་དངུལ་ཁང་གི་འགོ་བ་ཅིན་ཡུང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཛམ་གླིང་དངུལ་ཁང་བར་མཉམ་ལས་ཀྱི་འབྲེལ་བ་རྒྱུན་རིང་ལྡན། ང་ཚོས་འཛམ་གླིང་དངུལ་ཁང་གིས་ཧུར་བརྩོན་ཆེན་པོས་རྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་བྱེད་ཀྱིན་པར་བསྟོད་བསྔགས་དང་། ཉེ་བའི་ལོ་འདི་འགར་ཤུགས་ཆེན་པོས་དངུལ་གཏོང་ཇེ་མང་དང་མ་རྐང་བདག་དབང་བཅོས་སྒྱུར་ལ་སྐུལ་གཏོང་བ་ལས་གཞན། ཀྲུང་གོ་ཚུད་པའི་བསྐྱར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་གཏམ་བརྗོད་དབང་ཆ་ཇེ་མཐོར་གཏོང་བཞིན་པར་བསྟོད་བསྔགས་བྱེད་ཀྱིན་ཡོད། འཛམ་གླིང་དངུལ་ཁང་ནི་ཕྱོགས་མང་རིང་ལུགས་དང་དཔལ་འབྱོར་འཛམ་གླིང་ཅན་ལ་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དངུལ་ཁང་གི་འཛམ་གླིང་འཕེལ་རྒྱས་རོགས་རེས་འབྲེལ་བ་སྔར་ལས་གཏིང་ཟབ་དུ་བཏང་ནས། ཉོ་ཚོང་དང་དངུལ་གཏོང་གི་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། མཉམ་དུ་འཛམ་གླིང་གི་དབུལ་ཕོངས་སེལ་རོགས་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་རྒྱུ་ཡིན་ཟེར། 
ཅིན་ཡུང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་བོར་འཛམ་གླིང་དངུལ་ཁང་གི་ལས་དོན་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཞུ། འཛམ་གླིང་དངུལ་ཁང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱིན་ཡོད་ཅིང་། ཁྱེད་ཀྱིས་བཏོན་པའི་འཛམ་གླིང་ཁྲོམ་རའི་རྒྱ་མཚོ་ཆེན་མོའི་ནང་ནས་རྐྱལ་རྩལ་ངོམ་དགོས་པར་གདམས་པ་ལ། ང་རང་ངོས་ནས་མོས་མཐུན་དང་ལྟ་བ་དེ་ཐེངས་དུ་མར་བཀོལ་མྱོང་ཟེར།
འཛམ་གླིང་དངུལ་ཁང་གིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་ཡོངས་ཀྱི་དབུལ་ཕོངས་སེལ་བ་དང་འཛམ་གླིང་གི་འཕེལ་རྒྱས་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར། 
དབྱང་ཅེ་ཁྲི་དང་ཝང་ཡུས་གཉིས་གོང་གསལ་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།