ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་དུ་འཇིགས་སྐུལ་འཇབ་རྒོལ་ཚབས་ཆེན་ཐེབས་པའི་དོན་རྐྱེན་བྱུང་བའི་ཐད་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་ཕ་ཁི་སི་ཐན་དུ་འཇིགས་སྐུལ་འཇབ་རྒོལ་ཚབས་ཆེན་ཐེབས་པའི་དོན་རྐྱེན་བྱུང་བའི་ཐད་ནས་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧོའུ་སེ་ཡིན་ལ་གློག་འཕྲིན་བཏང་སྟེ། རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུས་པ་དང་། རྨས་མ་དང་འདས་པོའི་གཉེན་ཉེ་ལ་འཚམས་འདྲི་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཐུན་མོང་གི་དགྲ་བོ་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་རྣམ་པ་ཡོད་ཚད་ཀྱི་འཇིགས་སྐུལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་འདིར་རྒོལ་གཏམ་བཏང་བ་ཡིན། ཀྲུང་གོ་མི་དམངས་ ཀྱིས་ནམ་ཡང་ཕ་ཁི་སི་ཐན་མི་དམངས་དང་ལངས་ཕྱོགས་གཅིག་པ་བྱས་ནས། ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པ་དང་། རྒྱལ་ཁབ་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་འཐབ་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།