ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་ཐོག་དང་པོར་ཀྲུང་གོ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་དང་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས། འདི་ནི་ཀྲུང་གོ་སྲིད་གཞུང་གིས་ཐོག་མར་གནད་དོན་དེའི་ཐད་འགྲེམ་སྤེལ་བྱས་པའི་དཔེ་དེབ་རེད།

རྒྱབ་ཤ་དཀར་པོའི་དཔེ་དེབ་དེས་ཕྱོགས་ཡོངས་ནས་ཀྲུང་གོ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ནང་ཞུགས་པའི་ལོ་ངོ་བཅུ་བདུན་རིང་ལག་ཏུ་བསྟར་བའི་ཁས་ལེན་དང་ཉམས་མྱོང་ངོ་སྤྲོད་བྱས་ལ། ཀྲུང་གོ་སྣེ་མང་ཉོ་ཚོང་ལམ་ལུགས་འཛུགས་སྐྲུན་ཁྲོད་ཞུགས་པའི་རྩ་དོན་གྱི་ལངས་ཕྱོགས་དང་སྲིད་ཇུས་ཀྱི་འདོད་བློ་གོ་རིམ་ལྡན་པའི་ངང་འགྲེལ་བཤད་བྱས་པ་མ་ཟད། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མདུན་ལྗོངས་དང་འགུལ་སྐྱོད་སྔར་ལས་ཆུ་ཚད་མཐོ་བར་སྐུལ་སྤེལ་བྱེད་པར་རྒྱས་བཤད་བྱས་འདུག

ཉིས་སྟོང་བཅུ་བདུན་ལོར། ཀྲུང་གོས་ཆེད་དབང་མཉམ་ལས་ཆིངས་ཡིག་བརྒྱུད་དེ་ཡར་སྤྲོད་བྱས་པའི་ཆེད་དབང་སྙན་ཞུའི་བདག་སྤྲོད་ཀྱི་ཚད་ཁྲི་ལྔ་དང་སྟོང་གཅིག་ཡིན་ལ། འཛམ་གླིང་གི་ཨང་གཉིས་པའི་གོ་གནས་ཟིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།