ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སུ་དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་སྲིད་གཞུང་གི་འགན་ནུས་སྒྱུར་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སུ་དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ་སྲིད་གཞུང་གི་འགན་ནུས་སྒྱུར་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུང་བཤད་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། ལིའུ་ཧི། རྒྱལ་སྲིད་ཨུ་ཡོན་ཝེ་ཧྥུན་ཧི་དང་ཝང་ཡུང་། ཝང་དབྱི། ཞོ་ཅན། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། སྲིད་བསྡུ་དབང་གཏོང་དང་དབང་གཏོང་དང་དོ་དམ་ཟུང་འབྲེལ་བྱེད་པ་དང་ཞབས་ཕྱི་ལེགས་སྒྱུར་བཅོས་སྒྱུར་ནི་ནང་ཁུལ་དུ་ཁ་ཕྱོགས་པའི་སྲིད་གཞུང་རང་སྟེང་གི་གསར་བརྗེ་ཞིག་ཡིན་པ་དང་། སྲིད་གཞུང་གི་འགན་ནུས་སྒྱུར་བ་དང་ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་བའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན། འདས་པའི་ལོ་ལྔའི་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རིམ་པ་སོ་སོའི་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་སྒྱུར་བྱ་བ་དམ་འཛིན་བྱས་ཏེ། ལས་སྤེལ་གསར་སྐྲུན་ལ་སྐུཡ་འདེད་གཏོང་བ་དང་བརྟན་འཇགས་སྒོས་འཕར་སྣོན་ལས་ཞུགས་འགན་སྲུང་བྱེད་པར་ནུས་པ་ཆེན་པོ་བཏོན་པས། དཔལ་འབྱོར་བརྟན་འཇགས་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་བའི་གནད་འགག་གི་བྱེད་ཐབས་ཤིག་ཏུ་གྱུར་ཡོད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། མ་འོངས་པའི་ལོ་ལྔའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ་དང་བསམ་བློ་སྔར་ལས་བཅིངས་འགྲོལ་བྱེད་དགོས་ལ། དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་དབང་གཏོང་དང་དོ་དམ། ཞབས་ཕྱི་བཅས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། ཚད་ཆེན་པོའི་སྒོ་ནས་སྲིད་གཞུང་གིས་ཚོང་རའི་བྱ་འགུལ་ལ་ཐད་ཀར་དུ་བར་ཆད་བཟོ་བ་ཇེ་ཉུང་དུ་གཏོང་དགོས་པ་དང་། དོན་དག་སྔ་གཞུག་གི་དོ་དམ་དང་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། སྲིད་གཞུང་ཞབས་ཕྱིའི་ཕན་ནུས་ཇེ་ཆེར་བཏང་ནས། རྒྱལ་སྤྱིའི་སྟེང་དུ་མིང་གྲགས་ཆེ་བ་དང་འདྲ་མཉམ་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པ་དང་། ཚོང་རའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་ཚོང་རའི་དགོས་མཁོའི་སྦས་ཤུགས་སྔོག་འདོན་བྱེད་དགོས་ཟེར། །
 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།