ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཀྲའོ་ནན་ཆི་ཡི་བེམ་པོ་པེ་ཅིན་ནས་སྦྱིན་སྲེག་བྱས་པ་དང་ཞི་ཅིན་ཕིང་སོགས་ཀྱིས་སྐྱེལ་མ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ6པའི་ཚེས25ཉིན། བློ་མཐུན་ཀྲའོ་ནན་ཆི་ཡི་བེམ་པོ་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་སྲེག་བྱས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་པ་པའོ་རི་བོར་ཕེབས་ནས་སྐྱེལ་མ་ཞུས། འདི་ནི་ཞི་ཅིན་ཕིང་གིས་ཀྲའོ་ནན་ཆི་ལ་ཕྱག་འཇུ་གནང་ནས་བརྩེ་བའི་འཚམས་འདྲི་མཛད་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་འཐུས་མི། ཡུན་རིང་ཉམས་སད་ཐེག་པའི་གཞུང་དྲང་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ། ཕུལ་དུ་བྱུང་བའི་མི་རིགས་བྱ་བའི་འགོ་ཁྲིད་པ། རང་དམག་གི་དེང་རབས་མཁོ་སྒྲུབ་འཛུགས་སྐྲུན་གྱི་འགོ་ཁྲིད་པ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་དགུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཨུ་ཡོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྔོན་ཆད་ཀྱི་སྤྱིའི་མཁོ་སྒྲུབ་པུའུ་ཡི་པུའུ་ཀྲང་། སྔོན་ཆད་ཀྱི་དམག་དོན་ཚན་རིག་གླིང་གི་གླིང་གཙོ་བློ་མཐུན་ཀྲའོ་ནན་ཆི་ཡི་བེམ་པོ་ཚེས་ཉེར་ལྔ་ཉིན་པེ་ཅིན་པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་སྲེག་བྱས།

བློ་མཐུན་ཀྲའོ་ནན་ཆི་ལ་སྙུང་གཞི་ཕོག་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་གྱི་དུས་ཚོད་ཉེར་གསུམ་དང་སྐར་མ་བཅུ་གཉིས་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་། དགུང་ལོ་གོ་གཅིག་རེད།

བློ་མཐུན་ཀྲའོ་ནན་ཆི་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་སྨན་ཁང་དུ་ཕེབས་ནས་འཚམས་འདྲི་ཞུས་པ་དང་ཡང་ན་བྱེད་ཐབས་གཞན་པ་བརྒྱུད་ནས་བློ་མཐུན་ཀྲའོ་ནན་ཆི་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད་ཁོའི་ཁྱིམ་མི་ལ་འཚམས་འདྲི་ཞུས།

ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། པ་པའོ་རི་བོའི་གསར་བརྗེ་སྤྱིའི་བང་སོའི་ཚོམས་ཆེན་དུ་རས་ནག་པོའི་སྟེང་གི་བློ་མཐུན་ཀྲའོ་ནན་ཆི་ལ་མྱ་ངན་ཞུ་ཞེས་པའི་ཡི་གེ་དཀར་པོ་བྲིས་ཡོད་པའི་འཕྲེད་བྱང་གི་འོག་ཏུ་བློ་མཐུན་ཀྲའོ་ནན་ཆི་ཡི་འདྲ་པར་བཀལ་ཡོད། བློ་མཐུན་ཀྲའོ་ནན་ཆི་ཡི་བེམ་པོའི་སྟེང་དུ་བཀྲགས་མདངས་འཚེར་བའི་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་བཀབ་ཡོད།

སྔ་དྲོའི་དུས་ཚོད་དགུའི་སྟེང་། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད་དུ་དག་གྱིས་བློ་མཐུན་ཀྲའོ་ནན་ཆི་ཡི་བེམ་པོའི་མདུན་ནས་ཀྲོང་ངེར་ལངས་ཏེ་མྱ་ངན་ཞུས་པ་དང་། བློ་མཐུན་ཀྲའོ་ནན་ཆི་ཡི་བེམ་པོར་གུས་ཕྱག་ལན་གསུམ་ཕུལ་བར་མ་ཟད། བློ་མཐུན་ཀྲའོ་ནན་ཆི་ཡི་ཁྱིམ་མི་ལ་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས།

ཏང་དང་རྒྱལ་ཁབ། དམག་དཔུང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སྐྱེལ་མ་ཞུས་པར་ཕེབས་པ་དང་ཡང་ན་བྱེད་ཐབས་གཞན་པ་བརྒྱུད་དེ་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། བློ་མཐུན་ཀྲའོ་ནན་ཆི་ཡི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་དང་སྐྱེལ་མ་ཞུས་པར་ཐོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།