ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པའི་སྐོར་གྱི་བསམ་འཆར»འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་མ་ལག་མྱུར་དུ་འཛུགས་སྐྲུན་བྱས་པ་བརྒྱུད་དེ་ཉིས་སྟོང་སོ་ལྔ་ལོའི་བར་ཐོན་ཁུངས་གྲོན་ཆུང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བར་སྟོང་གི་རྣམ་པ་དང་ཐོན་ལས་སྒྲིག་གཞི། ཐོན་སྐྱེད་རྣམ་པ། འཚོ་བའི་རྣམ་པ་ཆགས་པར་འགན་སྲུང་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྩ་བ་ནས་ལེགས་སྒྱུར་བྱེད་དགོས་པར་མ་ཟད་མཛེས་པའི་ཀྲུང་གོའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་བར་དུ་སྐྱེ་ཁམས་དཔལ་ཡོན་གྱི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་དགོས་ཟེར།

བསམ་འཆར་ལས་ད་དུང་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དང་འཚོ་བའི་རྣམ་པ་ཆགས་པར་བྱེད་པ་དང་རྦད་ཆོད་སྒོས་མཁའ་དབུགས་གཙང་སྒྱུར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ། ཆུ་བོ་གཙང་སྒྱུར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ། ས་ཞིང་གཙང་སྒྱུར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་འགོག་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་སུ་བཀོད་སྒྲིག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།