ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见阿富汗总统加尼.jpg

ཟླ་དྲུག་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏོ་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ལ་མཇལ་འཕྲད་གནང་།

6月10日,国家主席习近平在青岛会见阿富汗总统加尼1.jpg

ཟླ་དྲུག་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆིན་ཏོ་ནས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་ཉིན་ཆིན་ཏོ་ནས་ཨ་ཧྥུའུ་ཧན་རྒྱལ་ཁབ་ཀྱི་ཙུང་ཐུང་ཅ་ཉི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་ཨ་ཧྥུའུ་ཧན་གཉིས་ནི་སྲོལ་རྒྱུན་མཛའ་བཤེས་ལྡན་པའི་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཕན་ཚུན་བར་རྒྱུས་ལོན་དང་ཡིད་ཆེས། རྒྱབ་སྐྱོར་བཅས་བྱེད་ཀྱིན་ཡོད། ཀྲུང་གོ་དང་ཨ་ཧྥུའུ་ཧན་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཀྲུང་གོ་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་པའི་བྱེད་ཕྱོགས་ཡིན། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། སྲིད་གཞུང་སྡེ་ཁག་དང་ཁྲིམས་འཛིན་སྡེ་ཁག སྲིད་ཏང་། དམག་དཔུང་བཅས་རིམ་པ་མང་པོའི་བརྗེ་རེས་ཇེ་དམ་དུ་བཏང་སྟེ། ས་གནས་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་མུ་མཐུད་དུ་ནུས་ཡོད་གང་ཐུབ་སྒོས་རོགས་རམ་བྱེད་རྒྱུ་དང་། ཨ་ཧྥུའུ་ཧན་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱས་ནས། ས་ཁུལ་གྱི་རྒྱལ་ཁབ་དང་མཉམ་འབྲེལ་མཉམ་འདྲེས་ཡོང་བ་མྱུར་དུ་མངོན་འགྱུར་བྱེད་འདོད་ཡོད་ལ། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་སྲིད་གཞུང་གིས་རྒྱལ་ནང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་འབད་བརྩོན་ལྷོད་མེད་བྱས་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་གཏོང་དགོས་ཟེར།

ཅ་ཉི་ཡིས་ཀྲུང་གོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏོ་མཐོ་རིམ་གྲོས་ཚོགས་ཕན་འབྲས་ལྡན་པའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པར་མ་ཟད། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་མདུན་ལྗོངས་བཟང་བོ་བཀོད་ཡོད། ཨ་ཧྥུའུ་ཧན་གྱིས་ཀྲུང་གོ་ཕྱོགས་ཀྱིས་གཏན་ལ་ཕབ་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་ས་ཁོངས་མཉམ་ལས་ལ་གཙིགས་འཛིན་བྱེད་པའི་འདོད་བློ་གལ་ཆེན་ལ་རྒྱབ་སྐྱོར་བྱས་པར་མ་ཟད། ཨ་ཧྥུའུ་ཧན་དང་ཀྲུང་གོ་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་ས་ཁུལ་ལས་དོན་ཁྲོད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ཏིན་ཞའོ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལི་ཧྥིན་བཅས་ཐུག་འཕྲད་ལ་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།