ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི་ལིས་ཁུ་ཆང་གིས་ཟླ་དྲུག་པའི་ཚེ་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཕེབས་པ་དང་ཞོར་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི་ལིས་ཁུ་ཆང་གིས་ཟླ་དྲུག་པའི་ཚེ་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཕེབས་པ་དང་ཞོར་དུ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཆིན་ཏོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་མཇལ་འཕྲད་གནང་།

ལིས་ཁུ་ཆང་གིས་བཤད་རྒྱུར།ཀྲུང་གོ་དང་ཨུ་རུ་སུ་ནི་ཕན་ཚུན་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་ཡིན་ལ།རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་ནི་ཕྱོགས་གཉིས་དང་འཛམ་གླིང་ཧྲིལ་བོར་དོན་སྙིང་གལ་ཆེན་ལྡན།ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་ཡང་བསྐྱར་གྲོས་མོལ་མཛད་པ་ནི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་ཞིག་བསྣན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གྲོས་གཞིར་བཟུང་ནས་ཨེ་ཤེ་ཡ་དང་ཡོ་རོབ་གླིང་གི་དཔལ་འབྱོར་མནའ་འབྲེལ་ལ་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་།ཕྱོགས་གཉིས་ཀྱི་ཁེ་ལས་གཞི་རྒྱ་རྒྱ་བསྐྱེད་པ།རླངས་སྣུམ་སོགས་ནུས་ཁུངས་མཉམ་ལས་ལས་གཞི་བརྟན་འཇགས་སྒོས་འཕེལ་བར་སྐུལ་འདེད་གཏོང་པ་མ་ཟད། ཐོན་ལས་མུ་ཁྱུད་ཀྱི་དུས་ཡུན་རིང་པོའི་མཉམ་ལས་ལ་གྲོས་མོལ་བྱེད་པ་དང་།ཚན་རྩལ་དང་མཁའ་འགྲུལ།དངུལ་རྩ་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱལ་བར་མོས་པ་ཡོད་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། དེང་སྐབས་ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོན་པོ་རུ་སླེབས་ནས། དཔལ་འབྱོར་ཉོ་ཚོང་གི་མཉམ་ལས་མྱུར་དུ་འཕེལ་རྒྱས་སུ་སོང་པ་མ་ཟད། ཁྱབ་ཁོངས་གསར་བའི་མཉམ་ལས་ལའང་མུ་མཐུད་དུ་རྒྱ་བསྐྱེད་བཞིན་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་སྤེལ་བྱེད་པ། མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་སོགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་ལ་སྔར་ལས་མང་པའི་གྲུབ་འབྲས་ལེན་པར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།