ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་འགག་འགྲམ་གཉིས་ཀྱི་གླེང་སྟེགས་སྐབས་བཅུ་བའི་གྲ་སྒྲིག་བྱ་བ་ཡོངས་འགྲུབ་བྱས་ཚར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ6པའི་ཚེས4ཉིན་གསར་འགོད་པས་ཞི་མིན་ནས་བསྡུས་པའི་མཚོ་འགག་འགྲམ་གཉིས་ཀྱི་གླེང་སྟེགས་སྐབས་བཅུ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱས་པ་ལྟར་ན། མཚོ་འགག་འགྲམ་གཉིས་ཀྱི་གླེང་སྟེགས་སྐབས་བཅུ་བ་ཚེས་ལྔ་ཉིན་ཧྥུའུ་ཅན་ཞི་མིན་ནས་ཚོགས་འགོ་རྩོམ་རྒྱུ་རེད། གླེང་སྟེགས་ཀྱིས་དམངས་ཁྲོད་བར་གྱི་བརྗེ་རེས་རྒྱ་བསྐྱེད་པ་དང་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་སྤེལ་བ་ཞེས་པ་བརྗོད་བྱ་གཙོ་བོར་བཟུང་སྟེ། ཚོགས་ཆེན་སྟེང་ན་གཞོན་བར་གྱི་བརྗེ་རེས་དང་གཞི་རིམ་བར་གྱི་བརྗེ་རེས། རིག་གནས་བརྗེ་རེས། དཔལ་འབྱོར་བརྗེ་རེས་བཅས་རིགས་བཞིའི་བྱ་འགུལ་ཐེངས་ཞེ་དགུ་བཀོད་སྒྲིག་བྱས་ཡོད། མིག་སྔར་གྲ་སྒྲིག་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་ཚར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གླེང་སྟེགས་སུ་ཞུགས་རྒྱུ་རེད། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཧོ་ལུང་པིན་དང་ཆིན་མེན་ཏང་དང་གསར་ཏང་། ཏང་ཁག་མེད་པའི་མཐུན་སྒྲིལ་མནའ་འབྲེལ་བཅས་ཀྱི་ཐའེ་ཝན་སྲིད་ཏང་གི་འཐུས་མི་དང་འབྲེལ་ཡོད་རྫོང་དང་གྲོང་ཁྱེར་གྱི་འཐུས་མི། གཙོ་སྒྲུབ་ལས་ཁུངས་ཀྱི་འཐུས་མི། ཐའེ་ཝན་ལས་རིགས་ཁག་གི་མི་སྣ་སོགས་ཕལ་ཆེར་མི་སྟོང་བརྒྱད་ལྷག་གདན་དྲངས་པ་ལྟར་སྐབས་འདིའི་གླེང་སྟེགས་སུ་ཞུགས་རྒྱུ་རེད། 
སྐབས་འདིའི་མཚོ་འགག་འགྲམ་གཉིས་ཀྱི་གླེང་སྟེགས་ལ་ནང་ལོག་གི་ལས་ཁུངས་བཞི་བཅུ་དང་ཐའེ་ཝན་གྱི་ལས་ཁུངས་ཞེ་གཅིག་བཅས་མཚོ་འགག་འགྲམ་གཉིས་ཀྱི་ལས་ཁུངས་གྱ་གཅིག་གིས་མཉམ་དུ་བསྒྲུབས་པ་ཡིན་ལ། གླེང་སྟེགས་ཚོགས་ཆེན་ཚེས་དྲུག་ཉིན་གྱི་སྔ་དྲོར་ཞི་མིན་གྲོས་ཚོགས་ལྟེ་གནས་ནས་བསྡུ་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།