ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུ་མ་ཟད་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡིས་ཚེས28ཉིན་གྱི་སྔ་དྲོར་པེ་ཅིན་ནས་བསྡུས་པའི་རྒྱལ་ཁབ་ཕྱི་ནང་གི་སྨྱན་བྱད་ལས་ཁུངས་ལ་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཟླ6པའི་ཚེས9ཉིན་ནས་ཚེས10ཉིན་བར་ཧྲན་ཏུང་ཞིང་ཆེན་གྱི་ཆིན་ཏའོ་གྲོང་ཁྱེར་ནས་བསྡུ་རྒྱུ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་རྒྱུ་མ་ཟད་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས་རྒྱུ་རེད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་དང་ལྟ་ཞིབ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་གདན་དྲངས་པ་ལྟར་གྲོས་ཚོགས་སུ་ཞུགས་རྒྱུ་རེད།

འབྲེལ་ཡོད་འགན་ཁུར་བས་ད་རུང་ཆིན་ཏའོ་གྲོང་ཁྱེར་གྱི་མཐོ་རིམ་གྲོས་ཚོགས་ལ་གྲ་སྒྲིག་བྱེད་པའི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་མ་ཟད། གསར་འགོད་པས་དྲི་བར་ལན་བཏབ།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།