ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་པུའུ་ཅི་ན་ཧྥ་སོའི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c6ec63aff46dc737f945ed4742b1c9a0.jpg

ཟླ5བའི་ཚེས28ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུའུ་ཅི་ན་ཧྥ་སོ་ཡི་ཕྱི་འབྲེལ་པུའུ་ཀྲང་པཱ་ལི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚེས28ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུའུ་ཅི་ན་ཧྥ་སོ་ཡི་ཕྱི་འབྲེལ་པུའུ་ཀྲང་པཱ་ལི་ལ་མཇལ་འཕྲད་གནང་། ཝང་དབྱང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཁཱ་པོ་ལི་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་གནང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས། ཝང་དབྱང་གིས་བསྟན་དོན། པུའུ་ཅི་ན་ཧྥ་སོ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་ཁས་ལེན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པའི་འཐབ་ཇུས་ཆོད་དོན་བཏོན་ནས་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ལྟ་ཚུལ་དང་མཐུན་པར་མ་ཟད། ལོ་རྒྱུས་ཀྱིས་བདེན་དཔང་བྱེད་བཞིན་ཡོད་པ་ནི་ཧ་ཅང་ཡང་དག་ཅིག་རེད། ཀྲུང་གོ་དང་པུའུ་ཅི་ན་ཧྥ་སོ་རྒྱལ་ཁབ་གཉིས་བར་གྱི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་མཉམ་ལས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་པུའུ་ཅི་ན་ཧྥ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་བར་མཛའ་མཐུན་མཉམ་ལས་ཀྱི་ལེའུ་གསར་བ་འབྲི་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ད་ལོའི་ཟླ9བར་པུའུ་ཅི་ན་ཧྥ་སོ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་དང་། མཐོ་རིམ་གླེང་སྟེགས་ལ་ཞུགས་ནས་ཧུར་བརྩོན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

པ་ལི་ཡིས་ཙུང་ཐུང་ཁཱ་པོ་ལི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས། ཁོས་བསྟན་དོན། ཀྲུང་གོའི་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་དེ་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་ལ། པུའུ་ཅི་ན་ཧྥ་སོའི་མི་དམངས་ཀྱིས་དེར་གཅེས་འཛིན་བྱེད་བཞིན་ཡོད། པུའུ་ཅི་ན་ཧྥ་སོ་སླར་ཡང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཞིས་ཁྱིམ་ཁྲོད་ཞུགས་པར་དགའ་སྤྲོ་སྐྱེ་བཞིན་ཡོད་པ་དང་། མ་འོངས་པ་ན་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་དང་ཀྲུང་གོ་ཕྱོགས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།