ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྡོམ་རྩིས་བཅའ་ཁྲིམས་ཞིབ་བཤེར་ཚན་ཆུང་གིས་སུའུ་ཀྲིག་ནས་ཁྲིམས་འཛིན་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྡོམ་རྩིས་བཅའ་ཁྲིམས་ཞིབ་བཤེར་ཚན་ཆུང་གིས་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དགུ་ཉིན་བར་སུའུ་ཀྲིག་ནས་ཁྲིམས་འཛིན་ཞིབ་བཤེར་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅི་ཕིན་ཞོན་གྱིས་ཚན་ཆུང་ཁྲིད་དེ་ཞིབ་བཤེར་བྱེད་སྐབས་ནན་གྱིས་བསྟན་དོན། རྒྱུ་སྤུས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཁྲེགས་གཏོར་བྱ་བ་ཆེན་པོ་གསུམ་བཟང་བོར་སྒྲུབ་པར་སྐུལ་འདེད་གཏོང་བ། སྡོམ་རྩིས་སྒྲིག་གཞི་བཅོས་སྒྱུར་དང་སྡོམ་རྩིས་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་ཐད་ནས་ངོས་འཛིན་ཟབ་མོ་བྱེད་པ་དང་། སྡོམ་རྩིས་བྱ་བའི་ཁྲོད་ཚན་རིག་དང་མཐུན་བའི་དམིགས་ཚད་དཔྱད་འཇོག་མ་ལག་བཙུགས་ཏེ། སྡོམ་རྩིས་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཅི་ཕིན་ཞོན་གྱིས་བཤད་རྒྱུར། སྡོམ་རྩིས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱེད་པ་ནི་2009ལོར་སྡོམ་རྩིས་བཅའ་ཁྲིམས་བཟོ་བཅོས་བྱས་པའི་ཚུན་གྱི་རྒྱལ་ཡོངས་རང་བཞིན་གྱི་ཁྲིམས་འཛིན་ཞིབ་བཤེར་ཐོག་མ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས། སྡོམ་རྩིས་བྱ་བའི་ནུས་པ་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཁྲིམས་ལྟར་སྡོམ་རྩིས་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་བསམ་པ་ཇེ་ཆེར་གཏོང་དགོས་ལ། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་གཙོ་བོ་འབུར་དུ་ཐོན་པར་བྱས་ནས། སྡོམ་རྩིས་བཅའ་ཁྲིམས་ནུས་ཡོད་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཁྲིམས་འཛིན་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་སྟེ། དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་བྱ་བའི་ཐད་ནས་གྲུབ་འབྲས་དངོས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།