ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་པེ་ཅིན་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུའུ་དང་ས་གནས་ཁྲལ་དོན་ཅུའུ་ཡི་བྱ་བར་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་ལྔ་བའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་གྲོང་ཁྱེར་རྒྱལ་ཁབ་ཁྲལ་དོན་ཅུའུ་དང་ས་གནས་ཁྲལ་དོན་ཅུའུ་ཡི་བྱ་བར་རྟོག་ཞིབ་མཛད། ཧན་ཀྲིན་གཞུང་སྒྲུབ་ཁང་ཁ་ཤས་སུ་སོང་སྟེ་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་གླེང་མོལ་བྱས་པ་དང་། རྒྱལ་ཁབ་ཁྲལ་དོན་དང་ས་གནས་ཁྲལ་དོན་བྱེད་སྒོ་དང་ཁྲལ་དོན་ཉེན་ཁའི་དོ་དམ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་སོགས་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། བརྙན་རིས་བརྒྱུད་དེ་གཞི་རིམ་གྱི་ཁྲལ་སྒྲུབ་ཞབས་ཕྱིའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་ཁྲལ་དོན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་རྒྱལ་ཁབ་ཁྲལ་བསྡུའི་བདེ་འཇགས་འགན་སྲུང་དང་ཁྲལ་བསྡུའི་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲལ་བསྡུའི་ཞབས་ཕྱི་ལེགས་སྒྱུར་བྱེད་པ་སོགས་ཕྱོགས་སུ་བྱས་རྗེས་ཆེན་པོ་བཞག་པར་ཁས་ལེན་གང་ལེགས་བྱས། ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། པེ་ཅིན་གྲོང་ཁྱེར་དང་དེ་མིན་འབྲེལ་ཡོད་ཆུས་ཁྲལ་དོན་ཅུའུ་དང་གཞི་རིམ་ཁྲལ་དོན་ཁང་བཅས་རིམ་པ་གསུམ་གྱི་ཁྲལ་དོན་ལས་བྱེད་པས་རྒྱལ་ཁབ་ཁྲལ་དོན་དང་ས་གནས་ཁྲལ་དོན་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཐད་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཧན་ཀྲིན་གྱིས་བསྟན་དོན། ཁྲལ་བསྡུའི་རྒྱུན་ལྡན་བྱ་བ་ནན་ཏན་སྒོས་སྒྲུབ་སྟེ་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་བདེ་འཇགས་འགན་སྲུང་བྱེད་པ་དང་། ཁྲལ་བསྡུའི་ཞབས་ཕྱི་ལེགས་སྒྱུར་བྱས་ནས་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། འགན་འཁྲིའི་བསམ་པ་དང་འགན་ཁུར་བསམ་པ་ཇེ་དྲག་ཏུ་གཏོང་བ་དང་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ནས། རྒྱལ་ཁབ་ཁྲལ་དོན་དང་ས་གནས་ཁྲལ་དོན་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཐད་ནས་གྲུབ་འབྲས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།