ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་ཨན་ཕེ་ཅིན་སན། ཝུན་ཙེ་དབྱིན་བཅས་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སྐབས་དྲུག་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

李克强出席第六届中日韩工商峰会并致辞.jpg

ཟླ5བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་བཅས་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སྐབས་དྲུག་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་བཅས་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སྐབས་དྲུག་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ནི་མཚོ་ཁོངས་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་ཤུགས་རྐྱེན་གལ་ཆེན་ཐེབས་པའི་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གཙོ་བོ་ཡིན། རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གསོན་ཤུགས་ཆེན་པོ་ལྡན་པ་དང་མཉམ་ལས་མཉམ་རྒྱལ་གྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། དེང་སྐབས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་དཔལ་འབྱོར་ཐད་འཕེལ་རྒྱས་ཀྱི་རྣམ་པ་ཅུང་བཟང་བོ་བྱུང་བ་དང་། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་པའི་གྲོས་ཚོགས་དེ་ལོ་གཉིས་དང་ཕྱེད་ཀའི་རྗེས་སུ་སླར་གསོ་བྱས་པ་ནི་ཐོབ་སླ་མོ་ཞིག་མིན་པ་དང་དེ་ལ་གཅེས་སྤྲས་བྱེད་འོས་པ་ཞིག་ཡིན། ང་ཚོས་ཧུར་ཐག་སྒོས་ཞི་ཞིང་བརྟན་འཇགས་ཡིན་པའི་འཕེལ་རྒྱས་ཁོར་ཡུག་གསར་སྐྲུན་བྱེད་པ་དང་། ཞི་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ལ་བརྩི་འཇོག་བྱས་ནས་གནད་དོན་གལ་ཆེན་དང་འགལ་བ་སྣ་ཚོགས་འོས་འཚམ་སྒོས་ཐག་གཅོད་དགོས། གཅིག དཔལ་འབྱོར་འཛམ་གླིང་ཅན་དང་རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་དགོས། གཉིས། དངུལ་གཏོང་དང་ཐོན་ནུས་མཉམ་ལས་རྒྱ་སྐྱེད་དགོས། གསུམ། གསར་སྐྲུན་དང་མི་གཞུང་མཉམ་ལས་ལ་ཤུགས་སྣོན་དགོས་ཟེར།

ཨན་ཕེ་ཅིན་སན་གྱིས་བཤད་རྒྱུར། དཔལ་འབྱོར་ལས་རིགས་བར་གྱི་མཉམ་ལས་ནི་རྒྱལ་ཁབ་གསུམ་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་ཞིང་དངུལ་རྩ་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གསུམ་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཨེ་ཤ་ཡའི་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་གཏོང་བ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་ཟེར།

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། དེང་སྐབས་ཕྱེད་གླིང་གནད་དོན་ཐད་ཧ་ཅང་གལ་ཆེ་ཞིང་ཞི་བའི་འགྱུར་ལྡོག་གསར་བ་བྱུང་བ་དེས་བཟོ་ཚོང་ལས་རིགས་ལ་དངུལ་གཏོང་ལས་སྤེལ་གྱི་གོ་སྐབས་བཟང་བོ་སྐྲུན་ངེས་ཡིན་པས། རྒྱལ་ཁབ་གསུམ་གྱིས་མཉམ་འབྲེལ་སྒོས་གསར་སྤེལ་བྱེད་པ་དང་ནུས་ཁུངས་དང་སྨན་བཅོས། ཁོར་ཡུག་སྲུང་སྐྱོབ། གནོད་སེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གསུམ་གྱི་མི་དམངས་བདེ་སྐྱིད་བསྐྲུན་དགོས་ཟེར། 
 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།