ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཁྲིམས་འཛུགས་ཁྲིམས་བཅོས་ཁྲོད་འདྲེས་པར་བྱེད་པའི་འཆར་འགོད་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གིས་ཉེ་སྔོན«སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཁྲིམས་འཛུགས་ཁྲིམས་བཅོས་ཁྲོད་འདྲེས་པར་བྱེད་པའི་འཆར་འགོད»དཔར་ནས་བཀྲམ་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ཏེ་ལག་བསྟར་དངོས་འབེབས་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

«འཆར་འགོད»ནང་དུ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་འཛུགས་བཅོས་གཏོར་འགྲེལ་གྱི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱས་ཏེ། ཁྲིམས་འཛུགས་སྣ་ཚོགས་ཀྱི་ཁ་ཕྱོགས་སྔར་ལས་གསལ་བ་དང་རེ་བ་སྔར་ལས་གསལ་བ། བྱེད་ཐབས་སྔར་ལས་ནུས་པ་ལྡན་པ་བཅས་ལ་ཁག་ཐེག་བྱེད་དགོས་པ་དང་། ལོ་ལྔ་ནས་བཅུའི་དུས་ཚོད་བེད་སྤྱད་དེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཁྲོད་དུ་ཡོངས་སུ་འདྲེས་པར་བྱས་ཤིང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་ཀུན་སྤྱོད་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་སྒུག་མངོན་འགྱུར་བྱེད་པ་བཅས་ལ་སྟོབས་དང་ལྡན་པའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

«འཆར་འགོད»ནང་དུ་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་དུ་འདྲེས་པར་བྱེད་ན། ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ནི། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། རིན་ཐང་ཁྲིད་སྟོན་རྒྱུན་འཁྱོངས། དམངས་ཆེད་ཁྲིམས་འཛུགས་རྒྱུན་འཁྱོངས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས། གཅིག་གྱུར་བཀོད་སྒྲིག་སྐུལ་སྤེལ་རྒྱུན་འཁྱོངས་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།