ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་བཅོས་སྒྱུར་གྱི་ཡར་སྐུལ་ཚོགས་འདུ་ཐེངས་གཉིས་པ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་བཅོས་སྒྱུར་གྱི་ཡར་སྐུལ་ཚོགས་འདུ་ཐེངས་གཉིས་པ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་ཀྱི་ལས་ཁུངས་བཅོས་སྒྱུར་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་དང་། དུས་སྐབས་དང་པོའི་བྱ་བའི་དམིགས་འབེན་ཕལ་ཆེར་མངོན་འགྱུར་བྱས། གོམ་རིམ་རྗེས་མར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབབ་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཇུས་གཞིའི་རེ་བ་དངོས་འབེབས་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཁུངས་བཅོས་སྒྱུར་གྱི་བྱ་བ་སྣ་ཚོགས་ཞིབ་ཅིང་ཕྲ་བའི་སྒོ་ནས་སྒྲུབ་དགོས་པ་དང་དངོས་འབེབས་བཟང་བོ་བྱེད་དགོས་པར་མ་ཟད། འགན་འཁྲི་གསལ་ཞིང་ཁྲིམས་ལྟར་སྲིད་འཛིན་པའི་སྲིད་གཞུང་གི་བཅོས་སྐྱོང་མ་ལག་གསར་སྐྲུན་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་གསུངས་རྒྱུར། གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་བཅོས་སྒྱུར་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ལས་ཁུངས་བཅོས་སྒྱུར་གྱི་ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ། ལས་ཁུངས་སྒྲིག་ལུགས་སྒྲིག་ལམ། ལས་བྱེད་པའི་མི་དོན་སྒྲིག་ལམ། ནོར་སྲིད་དཔལ་འབྱོར་སྒྲིག་ལམ། གསང་བའི་སྒྲིག་ལམ་བཅས་ལག་བསྟར་ནན་མོ་བྱེད་དགོས། བསམ་བློ་ཆབ་སྲིད་བྱ་བ་དེ་བཅོས་སྒྱུར་གྱི་བརྒྱུད་རིམ་ཡོངས་སུ་འདྲེས་པར་བྱེད་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གཤིས་རྩ་དོན་དང་ཁྱོན་ཡོངས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་རང་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པར་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་བཅོས་སྒྱུར་ལ་གོང་བཀུར་དང་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་པ་དང་། བཅོས་སྒྱུར་ཁྲོད་དུ་ཞུགས་ནས་ལས་ཁུངས་བཅོས་སྒྱུར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།