ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5ཚེས6ཉིན“2018ལོའི་གྲོང་ཤར་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཉིན་མོ་དང་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ཟླ་བ་འགོ་འཛུགས་མཛད་སྒོ”པེ་ཅིང་གྲོང་ཁྱེར་ཡུང་ཏིང་སྒོ་མོའི་ཐང་ཆེན་ལྷོ་མར་གཉེར་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཉེར་ནས་གྲོང་ཤར་ཆུས་ཀྱི་མི་རིགས་ཀྱི་རིག་གནས་དང་། མི་རིགས་ཀྱི་ལག་ཤེས། མི་རིགས་ཀྱི་ལུས་རྩལ། མི་རིགས་ཀྱི་གསོ་རིག་བྱ་གཞག་བཅས་འཕེལ་རྒྱས་སོང་བའི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་པ་བྱས་པ་རེད།