ཀྲུང་གོ་བོད་ཀྱི་དྲ་བ།

2018ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2018年庆祝“五一”国际劳动节大会在京举行.jpg

ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། རྒྱལ་ཡོངས་ངལ་རྩོལ་གདོང་ལེན་པའི་མཚན་སྙན་ཐོབ་པའི་ཐུན་མོང་ཁ་ཤས་ཀྱི་འཐུས་མིས་མཉམ་དུ་བླངས་པའི་པར། ཉིན་དེར2018ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། དུས་རབས་གསར་བར་བྱས་རྗེས་འཇོག་པ་ཞེས་པའི་ངལ་རྩོལ་ལག་རྩལ་པའི་འགྲན་སྡུར་ཚོགས་ཆེན་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། 
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2018ལོའི་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། དུས་རབས་གསར་བར་བྱས་རྗེས་འཇོག་པ་ཞེས་པའི་ངལ་རྩོལ་ལག་རྩལ་པའི་འགྲན་སྡུར་ཚོགས་ཆེན་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མེན་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཏུང་མེན་གྱིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་བཟོ་བ་དང་ཞིང་བ། ཤེས་ཡོན་ཅན། འཐབ་ཕྱོགས་སོ་སོའི་ངལ་རྩོལ་མང་ཚོགས་བཅས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས། ཁོས་བཤད་རྒྱུར། རྒྱ་ཆེའི་ལས་བཟོ་བས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ཆབ་སྲིད་ཀྱི་ཡིད་ཆེས་དམ་པོར་བཅངས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཅོས་སྒྱུར་ཁྲོད་ཧུར་ཐག་སྒོས་ཞུགས་པ། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། རང་ཉིད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་བར་བྱས་རྗེས་གསར་བ་འཇོག་པར་འབད་བརྩོན་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ཐུན་མོང་གོ་དགུ་དང་མི་སྒེར་དྲུག་བརྒྱ་དང་གོ་བདུན་ལ་སོ་སོར་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་ལེགས་ཅན་གྱི་བྱ་དགའ་ཐོབ་པ་དང་། ཐུན་མོང་བདུན་བརྒྱ་དང་གོ་དགུར་རྒྱལ་ཡོངས་བཟོ་བའི་གདོང་ལེན་པའི་མཚན་སྙན་ཐོབ། ཐུན་མོང་སོ་གཉིས་དང་མི་སྒེར་གོ་དགུ་ལ་རྒྱལ་ཡོངས་བཟོ་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་ངལ་རྩོལ་དཔེ་ལེགས་ཅན། སྔོན་ཐོན་བྱ་བ་སྒྲུབ་མཁན་བཅས་ཀྱི་མཚན་སྙན་ཐོབ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།