ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་སྟེང་འགན་ནུས་ཟབ་སྒྱུར་དང་སྤྱོད་གཙང་སྲིད་གཞུང་འཛུགས་བྱས་ཏེ་སྲོལ་གཙང་ཚུལ་བཟང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་དགོས་ཞེས་ནན་གྱིས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.png

ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་པའི་ཚེས་ཉེར་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་གཙང་བྱ་བའི་གྲོས་ཚོགས་ཐེངས་དང་པོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གསུངས་བཤད་གལ་ཆེན་གནང་ནས། རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་ཟབ་མོ་བྱས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུའི་བླང་བྱ་ལྟར། སྲིད་གཞུང་གི་འགན་ནུས་མྱུར་དུ་ཟབ་སྒྱུར་དང་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན། སྤྱོད་བསྲང་ཁྲིམས་གཅུན་ནན་མོ་བཅས་བྱས་ཏེ། སྲོལ་གཙང་ཚུལ་བཟང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་ཧུའུ་ཁྲུན་ཧྭ། རྒྱལ་སྲིད་ཨུ་ཡོན་ཝེ་ཧྥིན་ཧི་དང་ཝང་ཡུང་། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་སྲིད་ཨུ་ཡོན་ཞའོ་ཅེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཁང་གི་ཀྲུའུ་རིན་དབྱང་ཞའོ་ཏུའུ་གཉིས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས།

ལིས་ཁི་ཆང་གིས་བསྟན་དོན། དབང་ཆའི་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དེ་གཙོ་གནད་དུ་བཟུང་ནས། སྲིད་གཙང་གི་སྲིད་གཞུང་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་དགོས། གཅིག་ནི་སྲིད་གཞུང་རང་སྟེང་གི་བཅོས་སྒྱུར་སྤེལ་ནས། ཁྲོམ་རས་ཐོན་ཁུངས་སྒྲིག་བཀོད་ཁྲོད་དུ་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་བཟང་པོར་འདོན་པ། སྲིད་བསྡུ་དབང་གཏོང་དང་གཏོང་དམ་ཟུང་སྦྲེལ། ཞབས་ཞུ་ལེགས་སྒྱུར་བཅས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་དམིགས་ནས། རིམ་པ་སོ་སོའི་སྲིད་གཞུང་སྡེ་ཁག་གི་དབང་འགན་གསལ་ཁྲ་མྱུར་དུ་གཏན་འབེབས་བྱེད་པ་དང་འཐུས་ཚང་དུ་བཏང་ནས། ཁྲོམ་རའི་གཙོ་གཞི་ལ་གསོན་ཤུགས་སྣོན་དགོས་པ་དང་། མི་དམངས་མང་ཚོགས་ལ་སྟབས་བདེ་བསྐྲུན་དགོས། གཉིས་ནི་སྤྱི་ཐུན་མ་དངུལ་གྱི་བཀོལ་སྤྱོད་བདེ་འཇགས་ཕན་མཐོ་ཡིན་པར་ཁག་ཐེག་བྱས་ཏེ། སྔོན་རྩིས་ལག་བསྟར་ཇེ་དྲག་ཏུ་གཏོང་བ་དང་། ཕན་འབྲས་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། དབུལ་སྐྱོར་དང་སློབ་གསོ། རྒན་གསོ་སོགས་དམངས་ཚིས་ཁྱབ་ཁོངས་ཀྱི་སྤྱི་ཐུན་མ་དངུལ་ལ་དོ་དམ་ལེགས་པོ་བཅས་བྱེད་དགོས། གསུམ་ནི་སྤྱི་ཐུན་ཐོན་ཁུངས་མངོན་གསལ་སྒོས་བརྗེ་རེས་བྱས་ཏེ། སྤྱི་ཐུན་ཐོན་ཁུངས་ཀྱི་བརྗེ་རེས་ལ་དབང་ཆས་ཐེ་གཏོགས་བྱེད་མཚམས་རྩ་བ་ནས་གཅོད་དགོས། བཞི་ནི་སྤྱི་ཐུན་ཐོན་ཁུངས་ལ་དོ་དམ་བཟང་པོ་བྱས་ཏེ། གནད་འགག་གི་དོན་དག་དང་གནད་འགོག་གི་གོ་རིམ། གནད་འགག་མི་མི་སྣ་བཅས་ལ་དོ་དམ་བཟང་པོ་བྱས་ནས། རྒྱལ་དབང་ཁེ་ལས་ཀྱི་གསོན་ཤུགས་བསྐྱེད་དགོས་པ་མ་ཟད། རྒྱལ་དབང་ཐོན་ཁུངས་ཀྱི་བདེ་འཇགས་ལ་ཡང་ཁག་ཐེག་བྱེད་དགོས། ལྔ་ནི་སྤྱི་ཐུན་བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་གཞིའི་ཇུས་ཆོད་དང་ཞིབ་མཆན། ལག་བསྟར་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། བཟོ་སྐྲུན་ཡོད་ཚད་མངོན་གསལ་གྱི་བཟོ་སྐྲུན་དང་སྤྱོད་གཙང་གི་བཟོ་སྐྲུན། བདེ་འཇགས་ཀྱི་བཟོ་སྐྲུན་བཅས་སུ་འགྱུར་བར་བྱེད་དགོས།

ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་སྲིད་གཞུང་གིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཁྲིམས་ལ་བརྟེན་ནས་སྤྱོད་གཙང་ལ་ཡར་སྐུལ་བྱེད་པ་དང་། ཁྲིམས་གཞིར་བཟུང་ནས་སྲིད་འཛིན་པ། ཡིད་རྟོན་ཆེན་པོས་སྲིད་ལག་ཏུ་བསྟར་བ། སྲིད་བརྩོན་འགན་སྒྲུབ་ཀྱིས་ལས་སྒྲུབ་དང་ལས་བརྩོན་བྱེད་པ་དང་། བདེན་འཛིན་དངོས་སྒྲུབ་དང་དཀའ་སྤྱད་འབད་བརྩོན་གྱིས་དོན་དངོས་བྱེད་ཐབས་སྤྱད་དེ། མི་དམངས་ཡིད་ཚིམས་པའི་ལས་འབྲས་གསར་པ་ཡང་བསྐྱར་བསྐྲུན་དགོས།

ནོར་སྲིད་པུའུ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ། ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་འགན་ཁུར་པ་གཙོ་བོས་ཚོགས་ཐོག་ནས་གཏམ་བཤད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།