ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཞང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བའི་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་ཞང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱ་བའི་གྲོས་ཚོགས་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་ཀྲེ་ཅང་ཞིང་ཆེན་ཨན་ཅི་རྫོང་ནས་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། ཞང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཞང་སྡེ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་བླང་བྱའང་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་མཛེས་པའི་ཞང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་གནང་བའི་མཛུབ་སྟོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་རེ་སྙེག་དང་བསྟུན་པ། ཕྱོགས་སོ་སོའི་སྟོབས་ཤུགས་དང་ལྷག་པར་དུ་རོང་འབྲོག་མང་ཚོགས་རང་སྟེང་གི་བརྩོན་སེམས་བསྐྱེད་པ། རིགས་སོ་སོའི་ཐོན་ཁུངས་གཅིག་སྡུད་བྱེད་པ། སྲིད་ཇུས་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་ཞང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་རིགས་སོ་སོའི་ལས་འགན་གཙོ་བོ་གཟབ་ནན་གྱིས་ལག་བསྟར་བྱེད་དགོས་པ་དང་། རྒྱུན་མཐུད་འབད་བརྩོན་བརྒྱུད་དེ་མགྱོགས་མྱུར་སྒོས་མི་འདང་སར་ཁ་གསབ་དང་ཞང་སྡེའི་རྣམ་པ་ལེགས་བཅོས། ཞང་སྡེའི་མི་སྡོད་ཁོར་ཡུག་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ་བཅས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།