ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་ཞིབ་དཔྱོད་དཔོན་པོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

bc7f3973b0f130bf21fa5aca06f1a0ec.jpg

ཟླ4བའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པེ་ཅིན་དུ་ལས་འཁུར་སྐབས་ཀྱི་གསོ་སྦྱོང་ལ་ཞུགས་པར་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་ཞིབ་དཔྱོད་དཔོན་པོར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧྲན་ཀྲིན་གྱིས་ཚེས་ཉེར་བཞི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་པེ་ཅིན་དུ་ལས་འཁུར་སྐབས་ཀྱི་གསོ་སྦྱོང་ལ་ཞུགས་པར་ཡོང་བའི་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ་དང་ཞིབ་དཔྱོད་དཔོན་པོར་མཇལ་འཕྲད་གནང་། ཧན་ཀྲིན་གྱིས་གསུངས་རྒྱུར། ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་ཚུན་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་སྲིད་ཇུས་ལག་བསྟར་བྱས་ནས་འཛམ་གླིང་ཡོངས་ཀྱིས་ཁས་བླངས་པའི་གྲུབ་འབྲས་བླངས། སྐབས་འདིའི་དམིགས་བསལ་ས་ཁུལ་སྲིད་གཞུང་བཙུགས་པའི་ཚུན་ལ། བརྟན་འཇགས་སྒོས་སྲིད་སྐྱོང་བ་དང་ཧུར་ཐག་སྒོས་ཨོ་མིན་ཡུན་རིང་གི་འཕེལ་རྒྱས་ཇུས་གཞི་བཀོད་པ། ཨོ་མིན་གྱི་ལས་རིགས་ཁག་གི་མི་སྣ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཨོ་མིན་དར་རྒྱས་དང་བརྟན་འཇགས་ཀྱི་གནས་བབ་བཟང་བོ་ཇེ་བརྟན་དང་འཕེལ་རྒྱས་སུ་བཏང་ཡོད་ཟེར།

ཧན་ཀྲིན་གྱིས་དམིགས་བསལ་ས་ཁུལ་སྲིད་གཞུང་གི་དོ་དམ་བཅོས་སྐྱོང་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཨོ་མིན་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པའི་བྱེད་ཕྱོགས་དང་གཞི་རྩའི་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་དགོས་ལ། ཧུར་ཐག་སྒོས་འཕེལ་རྒྱས་གཉེར་བ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། ཨོ་མིན་ཡུན་རིང་དུ་དར་རྒྱས་དང་བརྟན་འཇགས་ཡོང་བར་བྱེད་པ་བློ་བརྟན་འགྱུར་མེད་སྒོས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཨོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། ཨོ་མིན་དང་ནང་ལོག་གཉིས་ཁྱད་སྟོབས་ཁ་གསབ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།