ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6122e89f364de9ef4af7de2f8284cf38.jpg

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གསུམ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཐོག་མར་ལ་ཧྥུའུ་ལོ་ཧྥུའུ་ལ་ཁོས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་གནང་རོགས་ཞུས། ཞི་ཅིན་ཕིང་གིས་གསུངས་རྒྱུར། ངས་ཙུའུ་ཐུང་ཕུའུ་ཅིན་ད་ལོའི་ཟླ་དྲུག་པར་ཀྲུང་གོར་འཚམས་འདྲིར་ཡོང་བ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་རེ་སྒུག་བྱས་ཡོད་ལ། ཁོ་དང་མཉམ་དུ་མཛའ་བཤེས་བརྗོད་པ་དང་། དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཇུས་གཞི་འགོད་རྒྱུ་མ་ཟད། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་འགོ་ཁྲིད་པ་དང་མཉམ་དུ་རྩ་འཛུགས་ཀྱི་མ་འོངས་པའི་འཕེལ་རྒྱས་ཇུས་གཞི་ལ་གྲོས་བསྡུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། དེང་སྐབས། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་སོང་ཡོད། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་དེའི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་སྣེ་ཁྲིད་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུང་མོང་གི་ལྟ་བ་ལག་བསྟར་བཟང་བོ་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གཉིས་འབྲེལ་འདྲིས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་ཕན་ཚུན་བར་རྒྱབ་སྐྱོར་དང་རོགས་ལས་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཀུན་གྱིས་ཁས་བླངས་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞི་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་གསེམ་གྱོམ་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་བཅས་སྤྱི་ཁོག་ནང་གི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་སོ་སོ་དང་མཉམ་དུ་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལ་ཧྥུའུ་ལོ་ཧྥུའུ་ཡིས་ཐོག་མར་ཙུང་ཐུང་ཕུའུ་ཅིན་གྱིས་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་བྱས་པར་མ་ཟད། ཙུང་ཐུང་ཕུའུ་ཅིན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་པ་དང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པར་རེ་སྒུག་བྱས་ཡོད་ཟེར། ཁོས་ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

དབྱང་ཅེ་ཁྲི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།