གོ་ཧྲིན་ཁུན་གྱིས་ཨ་ཧྥུའུ་ཧན་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་ས་ཨ་ཐི་མཱ་ཨར་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་ཚེས་བཅུ་དགུ་ཉིན་པེ་ཅིན་ནས་ཨ་ཧྥུའུ་ཧན་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ཀྱི་བློ་འདྲི་ས་ཨ་ཐི་མཱ་ཨར་ལ་ཐུག་འཕྲད་བྱས།

གོ་ཧྲིན་ཁུན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་པ་དར་སྤེལ་བྱས་ནས། ཀྲུང་གོ་དང་འཛམ་གླིང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལོ་རྒྱུས་གསར་བའི་མགོ་ཚུགས་པ་དང་། ཀྲུང་གོ་དང་ཨ་ཧྥུའུ་ཧན་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྔར་ལས་ཡངས་པའི་མདུན་ལྗོངས་གསར་གཏོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེ་བསྐྱར་འཛུགས་དང་བར་འདུམ་འཕེལ་རིམ་ཁྲོད་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་གཏན་ལ་ཕབ་པའི་འཐབ་ཇུས་ཇུས་གཞི་ལྟར། འཇིགས་སྐུལ་ལ་ངོ་རྒོལ་དང་དུག་འགོག མཐའ་མཚམས་བདེ་འཇགས་སོགས་ཐད་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཨ་ཐི་མཱ་ཨར་གྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་འདོད་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།