ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྟེང་གི་གསུངས་བཤད་གལ་ཆེན་ཞེས་པའི་དཔེ་ཆ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། «ཞི་ཅིན་ཕིང་གི“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྟེང་གི་གསུངས་བཤད་གལ་ཆེན»ཞེས་པའི་དཔེ་ཆ་དེ་ཉེ་སྔོན་ཕྱི་ཡིག་དཔེ་སྐྲུན་ཁང་གི་རྒྱ་ཡིག་དང་དབྱིན་ཡིག་གི་ལམ་ནས་རྒྱལ་ཁབ་ཕྱི་ནང་དུ་པར་སྐྲུན་འགྲེམ་སྤེལ་བྱས། དཔེ་ཆ་དེའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གི་གསུངས་བཤད་དང་། “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་དགའ་བསུའི་གསོལ་སྟོན་སྟེང་གི་ཤིས་ཚིག་སོགས་གསུངས་བཤད་གལ་ཆེན་བཅུ་གཅིག་སྡུད་སྒྲིག་བྱས་ཡོད་པར་མ་ཟད། ཟུར་བཀོད་ཀྱི་རྣམ་པས་གྲུབ་འབྲས་གལ་ཆེན་གྱི་ཡིག་ཆ་གཉིས་སྡུད་སྒྲིག་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།