ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e2cf15f9294d3ed195db4ac0cd35bedf.jpg

ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས། འཛམ་གླིང་གི་དཔལ་འབྱོར་ཐད་ལ་གནས་བབ་བཟང་བོ་ཁ་ཤས་བྱུང་ཡོད་མོད། འོན་ཀྱང་གནས་པའི་གནད་དོན་མང་པོ་རྩ་བ་ནས་ཐག་གཅོད་བྱས་མེད། ན་ནིང་ངས་ཏ་ཝོ་སི་ནས་བཏོན་པའི་འཛམ་གླིང་ལ་འཕེལ་རྒྱས་སྒུལ་ཤུགས་ཀྱིས་མི་འདང་བ་དང་འཛམ་གླིང་གི་དཔལ་འབྱོར་བཅོས་སྐྱོང་བྱ་བ་རྗེས་ལུས་ཡིན་པ། འཛམ་གླིང་གི་འཕེལ་རྒྱས་དོ་མཉམ་མིན་པ་བཅས་རྩ་བའི་རང་བཞིན་གྱི་འགལ་བ་སྔར་བཞིན་འབུར་དུ་ཐོན་ཡོད། ཉེ་ལམ་འཛམ་གླིང་ཅན་ལ་ངོ་རྒོལ་བྱེད་པའི་བསམ་པའི་རླབས་རྒྱུན་དང་སྲུང་སྐྱོབ་རིང་ལུགས་ཀྱི་རྣམ་པ་ཇེ་ཆེར་སོང་སྟེ། འཛམ་གླིང་དཔལ་འབྱོར་ཁྲོད་ཀྱི་ཉེན་ཁ་དང་བརྟན་འཇགས་མིན་པའི་རང་བཞིན་ཇེ་དྲག་ཏུ་བཏང་། ད་ལྟ་འཛམ་གླིང་སྟེང་གནད་དོན་དང་འགྲན་རྩོད་དེ་འདྲ་མང་པོ་གནས་པས། འདྲ་མཉམ་དང་གྲོས་མོལ་གྱི་བྱེད་ཐབས་སྤྱད་དེ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས་དེར་ཁ་གཏད་འཇལ་དགོས། ཀྲུང་གོ་ནི་འགན་ཁུར་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྒོ་འབྱེད་ཁྲོད་མཉམ་ལས་བྱེད་པ་དང་། མཉམ་ལས་ལ་བརྟེན་ནས་མཉམ་རྒྱལ་ཡོང་བར་བྱས་ཏེ། འཛམ་གླིང་ལ་འོད་སྣང་དང་བརྟན་འཇགས། མཛེས་སྡུག་བཅས་ཀྱི་མདུན་ལྗོངས་བསྐྲུན་པར་ནུས་པ་བཟང་བོ་འདོན་སྤེལ་བྱེད་པ་དང་། འཛུགས་སྐྲུན་རང་བཞིན་གྱི་བྱས་རྗེས་སྔར་ལས་མང་པོ་འཇོག་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་བར་གྱི་མཉམ་ལས་དང་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་གཉིས་ཀྱི་བརྒྱུད་རིམ་ཕལ་ཆེར་དུས་མཉམ་ཡིན་པས། ཕྱོགས་གཉིས་ཀྱིས་བབ་བསྟུན་མདུན་སྐྱོད་བྱེད་པ་དང་མཉམ་ལས་ལ་ཤུགས་བསྣན་ཏེ། མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་འཚོལ་ཞིབ་བྱས་ཏེ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་ལག་ལེན་དུ་བསྟར་ཆོག་པའི་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ཟེར།

ཧྲི་ཝ་པུའུ་ཡིས་བཤད་རྒྱུར། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དེར་འཛམ་གླིང་ཡོངས་ཀྱིས་གཟེངས་བསྟོད་བྱེད་ཀྱིན་ཡོད། ཁྱེད་ཀྱིས་དར་སྤེལ་བྱེད་པའི་མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་འདོད་བློ་དེས་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བ་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་འགྲན་རྩོད་དང་འཕྲད་པའི་སྐབས་འདིར། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མཉམ་ལས་དང་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པར་མ་ཟད། སྒུག་ཤུགས་ཆེན་པོ་བསྣན། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བ་དང་ཕྱོགས་མང་རིང་ལུགས་དར་སྤེལ་བྱེད་པ་དང་། སྲུང་སྐྱོབ་རིང་ལུགས་དང་སྣ་གཅིག་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འདོད་བློ་བཅངས་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་འདས་པའི་ལོ་བཞི་བཅུའི་རིང་གི་ཀྲུང་གོའི་བར་གྱི་མཉམ་ལས་ཀྱི་གྲུབ་འབྲས་ལ་སྤྲོ་བས་ཁེངས་ཡོད་པར་མ་ཟད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་རྒྱབ་སྐྱོབ་བྱེད་པ་དང་། གསར་གཏོད་འཕེལ་རྒྱས་སོགས་ཐད་ནས་ཀྲུང་གོའི་བར་ཡུན་རིང་དུ་མཉམ་ལས་བྱེད་པར་ཤུགས་སྣོན་པ་དང་། འཛམ་གླིང་གི་བཅོས་སྐྱོང་མ་ལག་ལ་ཤུགས་བསྣན་ཏེ། འཛམ་གླིང་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་དང་ཧི་ལིས་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།