ཀྲུང་གོ་བོད་ཀྱི་དྲ་བ།

ས་ཆ་སོ་སོའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་གསར་པ་ལ་འགྱུར་བ་ཆེན་པོ་གསུམ་ཡོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་ནས་ལམ་བུ་ཁ་ཤས་ལ་རྒྱུག་མི་དགོས་པར་གྱུར།

ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་གྱིས2018ལོའི་ཟླ4ཚེས1ཉིན་ནས་བཟུང་དངུལ་ལེན་དུས།《སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་པའི་ཞུ་ཡིག》སྤྲོད་མི་དགོས་པར་ཆ་རྐྱེན་གཞན་རྣམས་སྔར་སོར་མི་འགྱུར་བར་བྱེད་པའི་ཐག་བཅད་པ་རེད། 《སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་པའི་ཞུ་ཡིག་》ནི་དུས་རྒྱུན་བཤད་པའི"སྤྱི་གསོག་མ་དངུལ་གྱི་ཐོ་ཡིག"དེར་ཟེར་ཞིང་། དེའི་ཐོག་དངུལ་ལེན་བྱའི་གྲངས་ཀ་འབྲི་བའི་མཚུངས་སུ་ད་དུང་ལས་ཁུངས་ཀྱི་འབྲེལ་ཡོད་ཐམ་ཀ་རྒྱག་དགོས་པ་རེད།

དེང་སང་པེ་ཅིན་དང་ཀྲེ་ཅང་། ཧྲང་ཧའེ་སོགས་སུ་དུས་རྒྱུན་སྤྱི་གསོག་མ་དངུལ་ལེན་དུས་མཛུབ་མོ་འགུལ་བ་ཙམ་གྱིས་ལེན་ཐུབ་ཀྱིན་ཡོད་པ་རེད།

པེ་ཅིན་ལ་དཔེ་མཚོན་ན། ད་ལོའི་ལོ་མཇུག་གི་སྔོན་དུ། པེ་ཅིན་གྲོང་ཁྱེར་དུ་དྲ་རྒྱ་བརྒྱུད་ནས་སྤྱི་གསོག་མ་དངུལ་ལེན་པའི་སྟབས་ཇེ་བདེར་གཏོང་ཐུབ་རྒྱུ་རེད། ལས་ཁུངས་བརྒྱུད་མི་དགོས་པར་ཐད་ཀར་རང་གིས་ལེན་ཐུབ་པར་བཟོ་རྒྱུར་མ་ཟད། ད་དུང་རང་གི་ཐོབ་ཐང་འཛིན་ཡིག་སྤྱད་ནས་དྲ་ཐོག་ཏུ་སྤྱི་གསོག་མ་དངུལ་ལེན་ཆོག་པར་བྱས་ཏེ་དཔང་ཡིག་ལ་སོགས་པའི་རྒྱུ་ཆ་གཞན་གང་ཡང་སྤྲོད་མི་དགོས་པར་བྱེད་རྒྱུ་རེད། དེ་མ་ཟད། གྲོང་མི་ཚོས"པེ་ཅིན་གྱི་སྤྱི་གསོག་མ་དངུལ"ཞེས་པའི་APPདང་ཀྲི་ཧྥུའུ་པའོ(支付宝) འཕྲིན་ཕྲན་སྤྱི་སྟེགས"པེ་ཅིན་སྤྱི་གསོག་མ་དངུལ"བཅས་སྤྱད་ནས་རང་གི་སྤྱི་གསོག་མ་དངུལ་གྱི་ལྷག་མ་དང་བུ་ལོན་བསྐྱིས་དོན་སོགས་ཀྱི་གནས་ཚུལ་ཞིབ་བཤེར་བྱ་ཆོག་པར་བྱེད་རྒྱུ་རེད།

ཡུལ་ཁ་ཤས་སུ་བེད་སྤྱད་ཆོག་པ།

ཀན་སུའུ་ཞིང་ཆེན་དུ། ཞིང་ཆེན་གྱི་སྡོད་ཁང་མ་དངུལ་དོ་དམ་ལྟེ་བར་གསོག་འཇོག་བྱས་པའི་ལས་བྱེད་མི་སྣ་ཡིན་ཕྱིན། མཉམ་ལས་དངུལ་ཁང་གི་མི་སྒེར་གྱི་བུ་ལོན་རེ་ཞུའི་ཆ་རྐྱེན་དང་མཐུན་ཚེ། འབའ་དང་གན་རྒྱ་གང་ཡང་མེད་པའི་ཡིད་ཆེས་འཛད་སྤྱོད་ལ་བསྐྱི་ཆོག་པའི་ཆེས་མཐོའི་གྲངས་ཚད་སྒོར་ཁྲི་30ཟིན་པ་བསྐྱི་ཆོག་ཅིང་། ཡིད་ཆེས་ཀྱི་བསྐྱིས་ཡུན་ཆེས་རིང་ན་ལོ་1ཡིན་པ་རེད།

ས་ཆ་འགའ་ཤས་སུ་ངོར་བཤལ་བས་ཆོག་པ།

ཤར་ཕྱོགས་ཀྱི་ཀྲའེ་ཅང་དང་ནུབ་ཕྱོགས་ཀྱི་མཚོ་སྔོན་ཞིང་ཆེན་སོགས་སུ། "ངོར་བཤལ"ནས་སྤྱི་གསོག་མ་དངུལ་ལེན་པའི་ལས་རིགས་རྒྱ་བསྐྱེད་པའི་འགོ་ཚུགས་པ་རེད། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་བས་ཨ་ལི་པ་པའི་མངའ་འོག་གི་(蚂蚁金)མ་ཡི་མ་དངུལ་ཞབས་ཞུ་ཀུང་སི་དང་མཉམ་འབྲེལ་བྱས་ནས་ནུབ་བྱང་གི་ཞིང་ཆེན་དང་ལྗོངས་ལྔ་རུ་ཀྲི་ཧྥུ་པའོ་སྤྱི་གསོག་མ་དངུལ་ཞིབ་བཤེར་བྱེད་པའི་ཞབས་ཞུ་ཐོག་མར་བཏོན་པས། གྲོང་ཁྱེར་དེ་གར་གསོག་འཇོག་བྱས་པའི་ལས་བྱེད་མི་སྣས་ལག་འཁྱེར་ཁ་པར་གྱི་ཀྲི་ཧྥུ་པའོ་སྤྱད་ནས"ངོར་བཤལ"གྱི་ཐབས་ཀྱིས་མི་སྒེར་གྱི་ཐོབ་ཐང་དང་མི་སྒེར་གྱི་སྤྱི་གསོག་མ་དངུལ་བསགས་པའི་གྲངས་ཀ་དང་བུན་ལོན་བླངས་པའི་ཆ་འཕྲིན་སོགས་མགྱོགས་པོར་བལྟ་ཐུབ་པ་རེད། 


རྩོམ་སྒྲིག་པ། : ཀླུ་མོ་མཚོ།