ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་དང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་གཉིས་ལ་གཟིགས་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

韩正1.jpg

ཟླ་བཞི་བའི་ཚེས་བརྒྱད་དང་ཚེས་དགུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་དང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་གཉིས་ལ་སོ་སོར་གཟིགས་ཞིབ་མཛད། པར་འདི་ནི་ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད། 

韩正2.jpg

ཟླ་བཞི་བའི་ཚེས་བརྒྱད་དང་ཚེས་དགུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་དང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་གཉིས་ལ་སོ་སོར་གཟིགས་ཞིབ་མཛད། པར་འདི་ནི་ཧན་ཀྲིན་གྱིས་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་ལ་གཟིགས་ཞིབ་མཛད་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་བརྒྱད་ཉིན་དང་ཚེས་དགུ་ཉིན་གཉིས་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་དང་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་གཉིས་ལ་སོ་སོར་གཟིགས་ཞིབ་མཛད། ཁོང་གིས་ནན་གྱིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ཏུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལྟར། སྲིད་གཞུང་གི་འགན་ནུས་མྱུར་དུ་སྒྱུར་བ་དང་། སྲིད་གཞུང་གི་ཕན་ནུས་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ། གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་འདེབས་པ་དང་། དོན་དངོས་དང་སྦྲེལ་ནས་སྔར་ལས་དངོས་གཉེར་གྱི་རྣམ་འགྱུར་བཟང་སྟེ་མི་དམངས་མང་ཚོགས་ལ་བདེ་སྐྱིད་སྐྲུན་པར་དོན་དངོས་དང་དོན་བཟང་སྒྲུབ་དགོས་ཟེར།

སྐྱེ་ཁམས་ཁོར་ཡུག་པུའུ་ནས་གཟིགས་ཞིབ་མཛད་སྐབས་ཧན་ཀྲིན་གྱིས་གསུངས་རྒྱུར། ལེགས་སྒྱུར་དང་མཐུན་སྦྱོར། ཕན་འབྲས་མཐོར་འདེགས་བཅས་ཀྱི་རྩ་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་ལ། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་ཇུས་གཞིའི་ཚད་གཞི་གཏན་འཁེལ་དང་རྩ་འཛུགས་ལག་བསྟར་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་པ། ས་གནས་སྲིད་གཞུང་གི་སྐྱེ་ཁམས་ཁོར་ཡུག་བྱ་བའི་མཛུབ་སྟོན་ལྟ་སྐུལ་བཅས་ཀྱི་འགན་ནུས་ལ་ཤུགས་སྣོན་དགོས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། ངེས་པར་དུ་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་དགོས་ལ། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ལས་འགན་གཙོ་བོར་དམ་པོར་དམིགས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུའི་རེ་བ་ལྟར། མཚོན་བྱེད་རང་བཞིན་ལྡན་པའི་བྱ་བ་གལ་ཆེན་བཟང་བོར་སྒྲུབ་སྟེ། དུས་ལྟར་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་ལ་གཟིགས་ཞིབ་མཛད་སྐབས་ཧན་ཀྲིན་གྱིས་གསུངས་རྒྱུར། བཟོ་སྐྲུན་འཛུགས་སྐྲུན་ལས་གཞིའི་ཞིབ་བཤེར་ཆོག་མཆན་ལམ་ལུགས་བཅོས་སྒྱུར་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་དང་། ས་གནས་ཀྱི་བཅོས་སྒྱུར་ཚོད་ལྟའི་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ། ཚོང་གཉེར་ཁོར་ཡུག་ནུས་ཡོད་སྒོས་ཇེ་ལེགས་སུ་བཏང་སྟེ། ཚོང་རའི་གཙོ་གཞིའི་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གོ་གནས་ལ་བློ་བརྟན་འགྱུར་མེས་སྒོས་སྲུང་སྐྱོབ་བྱེད་པ་དང་། འདུ་ཤེས་བཞི་ཇེ་བརྟན་དུ་གཏོང་བ། ཡིད་ཆེས་བཞི་བརྟན་པོར་བཅངས་ཏེ། སྔར་ལས་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་གཅིག་གྱུར་ཚད་མཐོན་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བཀའ་ཁྱབ་ཐོགས་པ་མེད་པར་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།