ཀྲུང་གོ་བོད་ཀྱི་དྲ་བ།

ཡུག་ཆོན་གྱིས་ཨན་ཧོས་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་བཞི་བའི་ཚེས་གསུམ་ཉིན་ནས་ཚེས་བཞི་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཨན་ཧོས་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་གི་ཆོས་ལུགས་བྱ་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱེད་པར་ཤུགས་སྣོན་པ་དང་། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་པར་ཡོང་བར་ཧུར་ཐག་སྒོས་ཁྲིད་སྟོན་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཡུག་ཆོན་གྱིས་ཨན་ཧོས་ལྷ་རིག་སློབ་གླིང་ལ་རྟོག་ཞིབ་བྱས་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་སྐྱེད་སྲིང་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཆོས་ལུགས་བྱ་འགུལ་སྤེལ་སར་སོང་སྟེ་ཆོས་ལུགས་ལས་རིགས་ཀྱི་མི་སྣར་འཚམས་འདྲི་བྱས་པར་མ་ཟད། གནས་བབ་གསར་བའི་འོག་གི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པའི་ཐད་ནས་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་བྱས། ཁོས་ཨན་ཧོས་ཞིང་ཆེན་གྱིས་ཆོས་ལུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ནུས་ལྡན་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་གསར་དུ་བཟོ་བཅོས་བྱས་པའི་ཆོས་ལུགས་ལས་དོན་སྲོལ་ཡིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཞི་རིམ་ཆོས་ལུགས་བྱ་བའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆོས་ལུགས་ལས་རིགས་ཀྱི་མི་སྣའི་སློབ་གསོ་དང་ཁྲིད་སྟོན། སྐྱེད་སྲིང་བཅས་ཀྱི་བྱ་བར་གཙིགས་འཛིན་བྱས་ནས། རྒྱལ་གཅེས་ཆོས་ལུགས་ཚོགས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་བསྟན།

རྟོག་ཞིབ་བྱེད་སྐབས། ཡུག་ཆོན་གྱིས་ད་རུང་ཨན་ཧོས་ཞིང་ཆེན་གྱི་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཤེས་ཡོན་ཅན་མཛའ་འབྲེལ་ཚོགས་པ་བཅས་ཀྱི་འགན་ཁུར་བ་གཙོ་བོ་དང་བཞུགས་མོལ་བྱས་པར་མ་ཟད། ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་གྲོས་ཚོགས་སུ་ཞུགས་པའི་དམངས་གཙོ་མནའ་མཐུན་དང་ཀྲི་ཀུང་ཏང་། ཏང་ཁག་གང་ལའང་མི་གཏོགས་པིའ་མི་སྣ། ཕྱི་སྡོད་རང་མིའི་མཉམ་འབྲེལ་ལས་རིགས་ཀྱི་ཨུ་ཡོན་བཅས་ལ་འཚམས་འདྲི་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། སྲོལ་རྒྱུན་བཟང་བོ་འདོན་སྤེལ་བྱེད་པ་དང་། ཧུར་ཐག་སྒོས་ཐབས་ཇུས་དང་སྟོབས་ཤུགས་ཕུལ་ཏེ། ཏང་མང་མཉམ་ལས་བྱ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།