ཀྲུང་གོ་བོད་ཀྱི་དྲ་བ།

གོ་ཧྲིན་ཁུན་གྱིས་ཨ་ཧྥེ་རི་ཁ་ལྷོ་མའི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ་མའོ་ཧུང་ཨིན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་ཉེ་ལམ་པེ་ཅིན་ནས་ཨ་ཧྥེ་རི་ཁ་ལྷོ་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་བཞུགས་ཁྲིམས་དཔོན་ཆེན་མོ། རྩ་ཁྲིམས་ཁྲིམས་ཁང་གི་ཡོན་ཀྲང་མའོ་ཧུང་ཨིན་ལ་ཐུག་འཕྲད་བྱས།

གོ་ཧྲིན་ཁུན་གྱིས་བཤད་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་ཁྲིམས་སྟེང་བཀོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འདེམ་ཤོག་ཡོངས་རྫོག་ཐོབ་སྟེ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ལ་བདམས། དེ་ནི་ཀྲུང་གོ་མི་དམངས་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། ཀྲུང་གོ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྲུན་བྱེད་པར་དམིགས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བའི་ཁྲིད་སྟོན་འོག ཨ་ཧྥེ་རི་ཁ་ལྷོ་མའི་འབྲེལ་ཡོད་ལས་ཁུངས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་འཛིན་མཉམ་ལས་བྱེད་པ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ལྷོ་མ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཁྲོད་ཀྱི་མདུན་གྲས་སུ་སྐྱོད་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།