ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་ལ་བཟོ་བཅོས་དང་མེད་པར་བཏང་བའི་སྐོར་གྱི་ཆོད་དོན»ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། «རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་ཁྲིམས་སྲོལ་ཁ་ཤས་ལ་བཟོ་བཅོས་དང་མེད་པར་བཏང་བའི་སྐོར་གྱི་ཆོད་དོན»ཁྱབ་སྒྲོག་བྱས་པ་དང་ཉིན་དེ་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཁྲིམས་ལྟར་སྲིད་བསྡུ་དབང་གཏོང་དང་དབང་གཏོང་དོ་དམ་ཟུང་འབྲེལ་བྱེད་པ་དང་ཞབས་ཕྱི་ལེགས་སྒྱུར་བཅོས་སྒྱུར་ལག་བསྟར་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཆོག་འཐུས་ལས་གཞི་མེད་པར་གཏོང་བ་དང་དེ་མིན་ཐོན་ལས་གསར་བ་དང་ལས་རྣམ་གསར་བ། རྣམ་པ་གསར་བའི་འཕེལ་རྒྱས་ཚོད་འཛིན་བྱེད་པར་འབྲེལ་བ་ཡོད་པའི་སྲིད་འཛིན་ཁྲིམས་སྲོལ་ལ་གཙང་བཤེར་བྱས་ཏེ། སྲིད་འཛིན་ཁྲིམས་སྲོལ་བཅོ་བརྒྱད་ཀྱི་དོན་ཚན་ཁ་ཤས་ལ་བཟོ་བཅོས་བྱས་པ་དང་སྲིད་འཛིན་ཁྲིམས་སྲོལ་ལྔ་མེད་པར་གཏོང་རྒྱུ་ཐག་བཅད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།