ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཙམ་པ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ནན་ཅ་ཀུའུ་བ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

栗战书会见津巴布韦总统姆南加古瓦.jpg

ཟླ་བཞི་བའི་ཚེས་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཙམ་པ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ནན་ཅ་ཀུའུ་བ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་བཞི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཙམ་པ་ཝེ་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ནན་ཅ་ཀུའུ་བ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཙམ་པ་ཝེ་ནི་སྐྱིད་སྡུག་མཉམ་ཁུར་དང་མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་བཟང་བོ་ཡིན། ཚེས་གསུམ་ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཁྱེད་དང་གྲོས་མོལ་མཛད་དེ་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ཀྲུང་གོ་དང་ཙམ་པ་ཝེ་བར་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་མཉམ་དུ་ཁྱབ་སྒྲོག་བྱས་པར་མ་ཟད། དུས་སྐབས་གསར་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཙམ་པ་ཝེ་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བཟུང་སྟེ་རང་སྟེང་གི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་འཛུགས་བརྗེ་རེས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་ཁེ་ལས་མཉམ་ལས་དང་མི་སྣའི་འགྲོ་འོང་ལ་བཅའ་ཁྲིམས་ཀྱི་འགན་སྲུང་དང་སྟབས་བདེ་སྲིད་ཇུས་ཞབས་ཕྱི་འདོན་སྤྲོད་བྱེད་པར་མ་ཟད། ཀྲུང་གོ་དང་ཙམ་པ་ཝེ་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་ནན་ཅ་ཀུའུ་བ་ཡིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་མུ་མཐུད་དུ་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་ངེས་ཡིན་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།