ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཞི་བའི་ཚེས་བཞི་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཁེ་ལས་ལ་འབྲེལ་བ་ཡོད་པའི་འགྲོ་གྲོན་ཇེ་ཉུང་དུ་བཏང་ནས་དངོས་གཟུགས་དཔལ་འབྱོར་གྱི་མ་རྩ་ཇེ་དམའ་རུ་གཏོང་རྒྱུ་ཐག་བཅད་པ་དང་། ལམ་ཡངས་དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་འགྲོ་གྲོན་ཇེ་དམའ་རུ་གཏོང་བའི་བྱ་བའི་ཡར་ཞུ་ལ་ཉན་ཏེ་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་དང་ཆ་འཕྲིན་འཛད་སྤྱོད་ལ་སྐུལ་འདེད་བཏང་བར་མ་ཟད། ཕྱི་རྒྱལ་ནས་སློབ་སྦྱོང་བྱས་ནས་ཕྱིར་ལོག་པའི་མི་སྣས་ལས་སྐྲུན་གསར་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཤུགས་ཚད་ཆེན་པོའི་སྒོ་ནས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་རྒྱུ་གཏན་འཁེལ་བྱས། 
ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།